ཟླ3པའི་ཚེས11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་ཕྱིར་ཟི་ལིང་དུ་ལོག
གྲོས་ཚོགས་སྐབས་སུ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲི་ཁག་ཁུར་མཐོན་པོས་འགན་སྒྲུབ་ནན་མོ་བྱས་པ་དང་། འགན་སྒྲུབ་ཀྱི་རྣམ་པ་བཟང་བོ་མངོན་པར་བྱས། ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཐད་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་ཆེད་ཇུས་འབུལ་ཤུགས་འདོན་བྱ་རྒྱུ་ཡིན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁུན་གྱིས་བཤད་རྒྱུར། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་བཟོ་ཏང་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམ་དུ་དམིགས་པ། ཡུལ་དངོས་སུ་བསྐྱོད་པ་དང་རྟོག་ཞིབ་ནན་མོ་བྱེད་པ། སེམས་ཤུགས་གཅིག་ཏུ་བསྡུ་བ། དཀའ་སྤྱད་འབད་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་ཆེད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཆེན་གྱིས་བཤད་རྒྱུར། སློབ་སྦྱོང་གཙོར་འཛིན་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་ནན་མོ་བྱེད་པ་དང་ཡང་དང་བསྐྱར་དུ་སློབ་སྦྱོང་བྱས་ནས། སྲོག་ཤིང་གི་དོན་སྙིང་དང་དགོངས་པའི་ངོ་བོར་གོ་བ་ཟབ་མོ་ལེན་དགོས། དྲིལ་སྒྲོག་གཙོར་བཟུང་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་གོ་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པའི་རྨང་གཞིའི་སྟེང་། རང་ཞིང་གི་ཚོང་ལས་མཐུན་ཚོགས་དང་གཞི་རིམ་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དམངས་གཉེར་ཁེ་ལས་བཅས་སུ་སོང་ནས་སྒྲོག་འགྲེལ་བྱས་ཏེ། ཏང་གི་གཏམ་བཟང་དམངས་གཉེར་ཁེ་ལས་ལ་བརྒྱུད་སྒྲོག་བྱེད་དགོས། སྒྲུབ་པ་གཙོར་བཟུང་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་བཟང་བོ་ཞུ་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོ་དང་ཟུང་འབྲེལ་བྱེད་པ་དང་། རང་ཞིང་གི་དམངས་གཉེར་ཁེ་ལས་གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱ་རྒྱུ་ཡིན་ཟེར།