མི་དམངས་ཉིན་རེའི་ཚགས་པར་སྟེང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་བདེ་བླག་ངང་གྲོལ་བར་རྟེན་འབྲེལ་ཞུ་བའི་སྐོར་གྱི་ཆེད་བརྗོད་རྩོམ་ཡིག་སྤེལ་བ།
ཚེས12ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ། ཆེད་བརྗོད་རྩོམ་ཡིག་ཏེ་ཁ་ཡིག་ལ། 《སེམས་ཤུགས་གཅིག་སྒྲིལ་སྒོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་སྟེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བདེ་བླག་ངང་གྲོལ་བར་རྟེན་འབྲེལ་ཞུ》ཞེས་པ་སྤེལ།
ཆེད་བརྗོད་རྩོམ་ཡིག་ལས། མཐུན་སྒྲིལ་གཅིག་གྱུར་སྒོས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ་དང་འབད་བརྩོན་ལྷོད་མེད་སྒོས་མ་འོངས་པར་ཕྱོགས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་དམིགས་འབེན་ནི་ཆེས་རླབས་ཆེ་ཞིང་ཆེས་སྤྱིར་བཏང་ཞིག་ཀྱང་ཡིན། མཐར་གཏུག་ནས་བཤད་ན་མི་དམངས་མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་རྒྱུ་དེ་ཁོ་ན་ཡིན་ཞེས་ནན་གྱིས་གསུངས་མྱོང་། མདུན་སྐྱོད་གྱི་ལམ་བུའི་སྟེང་དུ། མི་དམངས་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ཀྱིས་བཤད་པའི་བསམ་འདུན་དང་མི་དམངས་ཀྱིས་བཏོད་པའི་ཉམས་མྱོང་། མི་དམངས་ལ་དབང་བའི་དབང་ཤུགས། མི་དམངས་ཀྱིས་འདོན་སྤེལ་བྱེད་པའི་ནུས་པ་བཅས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་པོས་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་ཏུ་འཇུག་པ་དང་། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ལེགས་པར་བསྐྱེད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གོང་ནས་གོང་དུ་སྤེལ་དགོས་ཞེས་བསྟན་ཡོད།