མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུར་ཞུགས།

  2024-03-11 15:57:16 

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཚན་ཆུང་བགོས་ཏེ་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུར་ཞུགས་པ།

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལས་རིགས་སོ་སོས་དོ་སྣང་བྱེད་པའི་གྲོས་གཞི་ལ་དམིགས་ཏེ་གྲོས་མོལ་དང་གྲོས་སྡུར་བྱས། མགོན་པོ་བཀྲ་ཤིས་དང་ལིའུ་ཐུང་ཏི་སོགས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལས་རིགས་སོ་སོའི་གྲོས་ཚོགས་ལ་ཞུགས་ནས། གྲོས་ཚོགས་ཀྱི་བརྗོད་དོན་དང་དམ་དུ་སྦྲེལ་ཞིང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་ཞབས་འདེགས་སྔར་ལས་བཟང་པོ་ཞུ་བའི་གྲོས་གཞིར་དམིགས་ནས་གཏམ་བཤད་སྐབས་བཤད་རྒྱུར། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས། མཚོ་སྔོན་འདི་ཉིད་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་རུ་བསྐྲུན་པའི་བླང་བྱ་གལ་ཆེན་བཏོན་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་དམིགས་འབེན་དམ་འཛིན་དང་། མདོ་དབུས་མཐོ་སྒང་གི་ས་ཁམས་ཐོན་ཁུངས་དང་སྐྱེ་ཁམས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། ཤུགས་བཏོན་ནས་ཐོན་རྫས་སྤུས་ལེགས་གསོ་སྐྱོང་དང་། སྤུས་ཚད་མཐོར་འདེགས། ཚོང་རྟགས་བསྐྲུན་པ་བཅས་ལ་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་ཐོན་ལས་ཀྱི་གཞི་རྒྱ་མུ་མཐུད་ཆེ་རུ་བསྐྱེད་ལ། སོན་འདེབས་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་བ་དང་། ལྗང་མདོག་སྐྱེ་ལྡན་ཁྱད་ཆོས་སྔར་ལས་གསལ་བར་བྱས་ཏེ། ས་གནས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རེད། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་ཡིས། དངོས་ཟོང་འཁོར་རྒྱུག་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། དེང་རབས་ཅན་གྱི་ཞིང་ཕྱུགས་ལས་རིགས་ཐོན་ལས་མ་ལག་མྱུར་དུ་བསྐྲུན་པའི་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།

ཨུ་ཡོན་ལིའུ་ཐུང་ཏི་ཡིས་གྲོང་ཁྱེར་དང་གྲོང་གསེབ་རིགས་གཉིས་ཅན་གྱི་རྐྱེན་སྲོལ་འདོར་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཤུགས་ཇེ་ཆེར་གཏོང་བའི་གྲོས་གཞིར་དམིགས་ཏེ་གཏམ་བཤད་སྐབས་བཤད་རྒྱུར།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་འཛིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། རྫོང་ཁོངས་འཕེལ་རྒྱསཀྱི་་གསོན་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། རྒྱལ་ཁབ་ཀྱི་ངོས་ཐད་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་གཏོང་བ་དང་། ནུབ་ཕྱོགས་ས་ཁུལ་གྱི་རྫོང་ཁོངས་ཚོང་ལས་སྒྲིག་གཞིའི་བཀོད་པ་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར། 

ལས་རིགས་སོ་སོའི་གྲོས་མོལ་ཁྲོད། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་གྱི་ཨུ་ཡོན་ཚོས་ད་དུང་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོས་བརྗེ་རེས་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ཏེ་བཞུགས་མོལ་གྲོས་སྡུར་བྱས་ཤིང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།