ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཁྲིན་ཀང་དང་། ཝུའུ་ཞའོ་ཅུན། ཝང་ལིས་མེན་བཅས་ཀྱིས་གཏམ་བཤད་པ་དང་། ཀྲང་ཙིག་ཅུན་དང་ཀྲ་ཆིན་ཅིའུ་ཚོགས་འདུར་ཞུགས་པར་མ་ཟད་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་འགྲེལ་བཤད་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་ཀྲང་རུང་ཧྲུན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་ནས་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན།
འཐུས་མི་ཁྲིན་ཀང་གིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས་ཁྲིམས་འཛིན་བྱ་བར་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ཞབས་འདེགས་སྔར་ལས་བཟང་པོར་ཞུ་བ་བཅས་བྱས་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མཐའ་གཅིག་ཏུ་མངོན་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་ནང་མདུན་སྣེའི་བྱ་བ་དམ་འཛིན་དང་སྐྱོན་ཆ་ཡོ་བསྲང་བྱེད་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ནས་རང་འགུལ་ངང་བྱ་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་ཁྲོད་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི“ཧྥིན་་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། རང་འགུལ་ཁྲིམས་འཛིན་ལ་བརྟེན་ནས་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དམངས་ལ་བརྩེ་སེམས་བཅངས་ནས་དམིགས་ཡུལ་གྱི་འདུ་ཤེས་ལག་བསྟར་བཅས་བྱས་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་བསམ་འཆར་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་ཁྲོད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ཞིབ་དཔྱོད་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ལ་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་རང་ཉིད་དྭངས་གཙང་ཡོང་བར་བྱེད་པའི་ཞུམ་མེད་ཀྱི་བློ་སྟོབས་མངོན་ཡོད། སྙན་ཞུ་དེ་གཉིས་ལ་ཡོངས་སུ་འཐད་པ་ཡིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁྲིམས་ཁང་གི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྲུན་དང་། ལས་སྒོའི་མཛུབ་ཁྲིད། གཞི་གྲངས་ཅན་འཛུགས་སྐྲུན་སོགས་ཀྱི་ཐད་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུའི་རེ་བ་ཡོད།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཡོངས་ལ་དམིགས་པ་དང་། ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་གཏོང་བ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་རྒྱུན་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང“གཏན་ཕབ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་སྒོས་མཚོན་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དང་དྲང་གཞག་དྲང་བདེན་ལ་བཅངས་པའི་རེ་འདུན་གསར་པར་ལན་བཏབ་ཡོད་པས། ཁྱོན་ཡོངས་ནས་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་རང་རྟོགས་ངང་ཁྲིམས་ལྟར་ལས་འགན་སྒྲུབ་པའི་གྲུབ་འབྲས་གསར་པ་མཚོན་པར་བྱས་ཡོད། སྙན་ཞུའི་བརྗོད་བྱ་ཁ་གསལ་བ་དང་། རྩོམ་སྲོལ་བབ་ཆགས་པ། གཞི་གྲངས་ཞིབ་ཅིང་བདེན་པ། གྱོད་དཔེ་གསོན་ཉམས་ལྡན་པ། ཆབ་སྲིད་ཀྱི་མཐོ་ཚད་དང་ཁྲིམས་སྐྱོང་བྱེད་ཤུགས། དམངས་ཚིས་དྲོད་ཚད་བཅས་ཡོད་པ། རང་འགུལ་གྱི་སྒོ་ནས་འགན་འཁྲི་སྒྲུབ་པའི་ཞབས་ཞུའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྔར་ལས་དོ་སྣང་བྱེད་པ། ཁྲིམས་འཛིན་དྲང་གཞག་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་ལ་སྔར་ལས་དོ་སྣང་བྱེད་པ། ཁྲིམས་འཛིན་གྱི་ཁུར་པོར་བརྟེན་ནས་དམངས་ཚིས་བདེ་སྐྱིད་ལ་འགན་ལེན་བྱ་རྒྱུར་སྔར་ལས་དོ་སྣང་བྱེད་པ། ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་བཅའ་ཁྲིམས་འཛུགས་སྐྲུན་ལ་སྔར་ལས་དོ་སྣང་བྱས་འདུག ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་དམ་པོར་དམིགས་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་ཆེད་སྔར་ལས་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱ་རྒྱུ་ཡིན།
འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གྲུབ་འབྲས་སྤྱི་སྡོམ་བྱས་པ་དོན་དངོས་དང་མཐུན་ལ། གནད་དོན་ལ་དབྱེ་ཞིབ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། བྱ་བའི་གཙོ་གནད་མངོན་གསལ་དོད་པ། ནང་དོན་ཕུན་སུམ་ཚོགས་པ། གཞི་གྲངས་ཞིབ་ཅིང་བདེན་པ། བཀྲག་མདངས་འཚེར་ས་མང་པོ་ཡོད་པས། དེ་ནི་དུས་བསྟུན་འཕེལ་རྒྱས་དང་དངོས་གཉེར་བདེན་འཚོལ་གྱི་སྙན་ཞུ་ཡག་པོ་ཞིག་རེད། ཡོངས་སུ་འཐད་པ་ཡིན། ལོ་གཅིག་གི་རིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱས་ཏེ་དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ལྷག་བསམ་རྣམ་དག་གིས་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། རྨང་གཞི་ཇེ་བརྟན་དུ་བཏང་ནས་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད་ཟེར། ཁོས་ཤེས་རིག་ཁྲིམས་ཁང་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་སོགས་དེང་རབས་ཚན་རྩལ་འདྲི་གཅོད་བྱ་བའི་ཁྲོད་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་འདྲི་གཅོད་རིག་ནུས་གཞོགས་འདེགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་ཁྲིམས་ཁང་གི་གྱོད་གཞི་མང་ལ་མི་སྣ་ཉུང་བའི་འགལ་ཟླ་སེལ་བ་བཅས་བྱེད་དགོས། ཉེས་དོན་ལག་བསྟར་དང་ཁྲིམས་འཛིན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། གཞི་རིམ་ཞིབ་དཔྱོད་ལས་ཁུངས་ཀྱིས་བཙོན་ཁང་དང་ཉེས་ཅན་ལྟ་སྲུང་ཁང་སོགས་ལག་བསྟར་ལས་ཁུངས་ལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ཏེ་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་གཏོང་དགོས།
འཐུས་མི་ལིའུ་གོ་ཆང་དང་། ལིས་ཀའོ་། ཏིས་ཆིན་ཡུན། མཱ་ཧྲི་ཀུང་། མཱ་ཧྥུའུ་ཁྲང་། རིན་ཆེན་བཀྲ་ཤིས། ཅང་ཀྲི་ཀང་། ཝང་གོ་ཏུང་། ཞུས་ཆིན་མེན། ཡུན་ཧུང་ཝུའེ། བསོད་ནམས་བསྟན་འཛིན། ཤ་བོ་སྒྲོལ་མ། ཀའོ་ཅིན་ཕིན། ཏུང་མེན་ཆོན་བཅས་ཀྱིས་གཏམ་བཤད།