འཐུས་མི་ལིའུ་ཞའོ་རུང་དང་མཱ་ཧྥུའུ་ཁྲང་གིས་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་སྡེ་ཁག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།
གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ནི་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་གི་གཙོ་གཞི་ཡིན་པ་དང་། ཐག་ཉེ་ས་ནས་མང་ཚོགས་ཀྱི་སྨན་པར་སྟོན་པའི་དགོས་མཁོ་སྐོང་བཞིན་ཡོད་པ་དང་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིའུ་ཞའོ་རུང་དང་མཱ་ཧྥུའུ་ཁྲང་གིས་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་སྡེ་ཁག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ཁྲོད་དུ། མཚོ་སྔོན་གྱི་གཞི་རིམ་སྨན་བཅོས་ལས་དོན་འཕེལ་རྒྱས་ལོ་རྒྱུས་ལ་བུ་ལོན་མང་བ་དང་གཞི་རིམ་སྨན་བཅོས་སྡེ་ཁག་གི་རྨང་གཞི་ཞན་ལ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཕྱིའི་སྡེ་ཁག སྡེ་བའི་འཕྲོད་བསྟེན་ཁང་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་དང་། ཁོངས་གཏོགས་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཤུགས་ཚད་ད་རུང་ཆེ་རུ་གཏོང་དགོས་པས། རྒྱལ་ཁབ་ཀྱི་ངོས་ནས་སྲིད་ཇུས་གཏན་འབེབས་དང་ཚད་གཞི་འཛུགས་པ་སོགས་ཕྱོགས་ནས་ཤར་ནུབ་རྒྱུད་ས་ཁུལ་དུ་དམིགས་བསལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ནས་དམིགས་ཚད་བླང་བྱ་ལུགས་མཐུན་གྱིས་ཇེ་དམར་གཏོང་བ་དང་། དེར་མ་ཟད། ནུབ་རྒྱུད་ས་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་དངུལ་གཏོང་ཆེ་རུ་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཞས་ཞུའི་འཇུག་རུང་རང་བཞིན་དང་སྟབས་བདེའི་རང་བཞིན་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་དགོས་མཁོ་བསྐང་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།