མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན་པ།
ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པའི་བླང་བྱ་གལ་ཆེན་བཏོན་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་འཕྲལ་ཕུགས་གཉིས་ཀར་དམིགས་ཏེ། གཅིག་བསྡུས་མཁྲེགས་གཏོར་དང་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་གྲུབ་འབྲས་མངོན་གསལ་བླངས་ཡོད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་དུ། རྒྱལ་ཁབ་ཀྱི་ངོས་ཐད་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆེན་དང་པུའུ་ཡི་མཉམ་འཛུགས་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ཏེ། ཚྭ་མཚོའི་མཱེ་ཡི་ཐོན་ཁུངས་ཚད་མཐོའི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ཚྭ་མཚོའི་ཁེ་ལས་ལ་སྣེ་ཁྲིད་དེ་རྒྱལ་སྤྱིའི་ཐོན་ནུས་དང་ལག་རྩལ་མཉམ་ལས་ཀྱི་གྲས་སུ་ཧུར་ཐག་གིས་ཞུགས་སུ་བཅུག་ནས་རྒྱལ་སྤྱི་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་བཙུགས་ཏེ། ཚྭ་མཚོའི་ཐོན་ཁུངས་ཀྱི་རྨང་གཞིའི་ཚན་རིག་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་གཙོར་བཟུང་ནས་རྒྱབ་སྐྱོར་བྱ་རྒྱུ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་དང་ཚུལ་སྒྱུར་བྱ་རྒྱུ། རྒྱབ་ཁབ་ཀྱི་ངོས་ཐད་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་ཚད་ལྡན་མ་ལག་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཚད་གཞི་གཏན་འབེབས་བྱ་རྒྱུ། ཐོན་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། མཚོ་སྔོན་ཚྭ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་གཏོང་རྒྱུ། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐོན་སྐྱེད་རྒྱུ་རྐྱེན་སྡེབ་སྒྲིག་རྐྱེན་སྲོལ་བཙུགས་ཏེ། མཐའ་འཁོར་གྱི་ཞིང་ཆེན་དང་ས་ཁུལ་གྱི་རྡོ་སོལ་དང་རླངས་སྣུམ་སོགས་དགེ་མཚན་ལྡན་པའི་ཐོན་ཁུངས་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ཁུངས་དང་མཉམ་འབྲེལ་སྒོས་གསར་སྤེལ་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཀྱི་གྲོས་གཞི་བཏོན་ཡོད།