མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།

  2024-03-07 15:41:05 

མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་མུ་མཐུད་དུ་གྲོས་ཞིབ་བྱས་པ།

ཟླ3པའི་ཚེས6ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས། ཁྲེན་ཀང་གིས་འགོ་འཛིན་བྱས་པ་དང་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཀྲའོ་ཁྲིན་ཞི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་འཇུག་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་གྲོས་ཞིབ་ཁྲོད་ཞུགས་ནས། འཐུས་མི་རྣམས་ཀྱི་བསམ་འཆར་ལ་ཉན།

འཐུས་མི་ཁྲེན་ཀང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་པ་དང་། དར་ཆ་གསལ་སྒྲེང་དངསྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་གྱི་ཆབ་སྲིད་རང་རྟོགས་དང་ཆབ་སྲིད་ཁག་ཁུར་མངོན་པར་མཚོན་ཡོད་པས་སེམས་ཤུགས་ཆེ་རུ་བསྐྱེད་སོང་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་དང་མཉམ་ཤུགས་དྲག་པོ་གཅིག་དུ་བསྡུས་ཡོད་པ་དང་། གོ་བ་བླངས་པ་གནད་ལ་འཁེལ་ཞིང་དབྱེ་ཞིབ་མཐིལ་རྟོགས་ཡིན་ལ། སྐྱོད་ལམ་གསར་པའི་སྟེང་རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་བའི་ངེས་ཤུགས་ཆེན་པོ་དང་ཆོད་སེམས་བརྟན་པོ་གསལ་བསྒྲགས་བྱས་ཡོད། སྤྱི་ཡོངས་ལ་བསམ་གཞིགས་བཏང་བ་དང་ཁ་ཕྱོགས་མ་ནོར་བར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་གཙོ་གནད་དམ་འཛིན་བྱས་ཡོད་པས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐིག་རིས་ལྟ་བུ་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁྲིའི་ཡི་གེ་ཡིན་ཞིང་། ང་དེར་ཡོངས་སུ་འཐད་པ་ཡིན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དེ་གཞི་རྩའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་བྱས་ནས་དམ་འཛིན་བྱེད་དགོས་པ་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། སྲིད་གཞུང་བྱ་བའི་སྙན་ཞུའི་བླང་བྱ་བཀོད་སྒྲིག་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྒྱུགས་ལན་ཡག་པོ་སྤྲོད་དགོས།

འཐུས་མི་ལིས་ཀའོ་དང་ཆའོ་ཡཱ་ཆུན། མཱ་ཧྲི་ཀུང་། ཡུན་ཧུང་ཝེ། ཝང་གོ་ཏུང་། པིས་ཧྲིན་ལུང་། ཏུང་ཆོན་མེན། རིན་ཆེན་བཀྲ་ཤིས་བཅས་ཀྱིས་གཏམ་བཤད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།