མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཞི་ཅིན་ཕིང་གི་གསུང་བཤད་ལ་སློབ་སྦྱོང་བྱས་པ།

  2024-03-07 15:41:02 

མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས། ཁྲེན་ཀང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ལིའུ་ཆི་ཧྥན་གྱིས་གཏམ་བཤད།

ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཕུགས་རྒྱང་རིང་བ་དང་། བསམ་གཞིག་ཟབ་པ། ཕྱོགས་སྟོན་གནད་ཁེལ་བཅས་བྱས་ནས་ཐོན་སྐྱེད་ནུས་ཤུགས་ཀྱི་འགག་རྩའི་གནད་དོན་རྒྱས་བཤད་གཏིང་ཟབ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་བར་གྱི་འབྲེལ་བ་སྔར་ལས་གསལ་བཤད་བྱས་ཡོད་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་ཐབས་ཤེས་གསལ་སྟོན་བྱས་ཡོད་པས། དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ཡག་པོ་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བསམ་གཞིགས་དང་འཐབ་ཇུས་ཇུས་མགོད་བྱས་པ་མཚོན་ཡོད་པར་འདོད།

ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་དུས་རབས་ཀྱི་ནང་དོན་དང་དོན་སྙིང་། ངོ་བོའི་བླང་བྱ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་དང་ལག་ལེན་འཚོལ་ཞིབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཡང་དག་ལེན་དགོས། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། དོན་དངོས་ལ་རྐང་འཛུགས་པ། སྔར་ལས་རང་འགུལ་ངང་བྱེད་ཐབས་སྤྱོད་པ། ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་འཛུགས་སྐྲུན་ཐོན་ལས་ཀྱི“གནས་བཞི”གཏོད་རྒྱུར་དམིགས་པ། མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་རང་སྤུས་ལ་གཞི་ཚུགས་པ་བཅས་བྱས་ནས་སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་ཀྱི་སྲ་བརྟན་དུ་གཏོང་བ། འབྱུང་འགྱུར་ཐོན་ལས་ཀྱིས་སྔོན་ལ་གོ་སྐབས་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དཀའ་གནད་ཁག་ཅིག་ཐག་གཅོད་བྱས་ནས་གཉེར་སྐྱོང་གཙོ་ཤུགས་སྣ་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་ལེགས་པར་བསྐྱེད་དེ་བཅོས་སྒྱུར་ལ་བརྟེན་ནས་ཁྱབ་ཁོངས་སོ་སོའི་བྱ་བར་ཕན་འབྲས་གསར་པ་ཐོབ་པ་དང་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཟབ་མོར་ཞུགས་ཏེ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལས་སྟེགས་ཡག་པོར་སྤྱོད་པ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་སྙིང་སྟོབས་འཕེལ་བར་བྱས་ནས“ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་བཙུགས་ཏེ། ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས“མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་འབད་འབུངས་སྟོབས་ཤུགས་འཕེལ་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བྱ་བའི་བླང་བྱ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་གནོད་མགོག་གནོད་སེལ་གྱི་བྱ་བར་ཤུགས་སྣོན་པ་དང་། ཉེན་ཁ་སྣ་ཚོགས་མགོག་སེལ་བྱེད་པ། ཕུགས་རྒྱང་རིང་བའི་འཐབ་ཇུས་ཀྱི་ལྟ་བ་དང་། སྔར་ལས་ནུས་ལྡན་གྱི་དངོས་སྒྲུབ་བྱེད་ཐབས། སྔར་ལས་དགེ་མཚན་ལྡན་པའི་འགན་འཁྲི་ཁུར་སེམས་བཅས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བའི་བླང་བྱ་གལ་ཆེན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དོན་འཁྱོལ་བྱེད་དགོས་ཟེར།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།