མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཞི་དགུ་གསུམ་སློབ་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་གྲོས་ཚོགས་ལ་ཞུགས་པ།

  2024-03-07 15:40:50 

ལིས་ཞི་དགུ་གསུམ་སློབ་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་པ།

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགུ་གསུམ་སློབ་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་གསན་རྗེས། ལིས་ཞི་ཡིས་འདས་པའི་ལོ་གཅིག་ལ་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པར་བྱས་པ་དང་ནང་ཁུལ་གྱི་དཀའ་ངལ་སེལ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས། གྲུབ་འབྲས་དེ་དག་ནི་ཐོབ་སླ་མོ་ཞིག་མིན་ལ། དེའི་ཁྲོད་དུ་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱི་ཤེས་རིག་དང་སེམས་ཤུགས་གཅིག་ཏུ་འདུས་ཡོད། ཨུ་ཡོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ། དོགས་གཞི་སེལ་བ་དང་སྔོན་དཔག་ལ་ཁྲིད་སྟོན། ཡིད་ཆེས་མཐོར་འདེགས། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་ཀྱི་བྱ་བ་མང་པོ་སྒྲུབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།