ཚའེ་ཆི་རིག་གནས་སྒྱུ་རྩལ་དང་ལུས་རྩལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་ལ་ཞུགས་པ།
ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རིག་གནས་སྒྱུ་རྩལ་དང་ལུས་རྩལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་ལ་ཞུགས།
ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་གཟབ་ནན་གྱིས་ཉན་རྗེས། ཚའེ་ཆི་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱི་ནང་གི་དཀའ་ངལ་སེལ་བ་དང་། དཔལ་འབྱོར་བསྐྱར་འཕར་ལ་སྐུལ་འདེད་བཏང་ནས། དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ནས། ཡིད་ཆེས་བརྟན་ཞིང་དམངས་སེམས་དྲོ་ལ་མི་སེམས་གོང་བུ་གཅིག་ཏུ་འགྲིལ་བར་བྱས་ཡོད། ཚའེ་ཆི་ཡིས་ཚང་མས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་སྒྲུབ་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་འཁུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནུས་ཤུགས་འབུལ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་རིན་ཐང་ལྟ་བ་ལག་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་དམངས་དཀྱིལ་སྙིང་ཡིན་པའི་རིག་གནས་བརྩམས་ཆོས་གསར་སྐྲུན་བྱས་ནས། རིག་གནས་དམངས་ཕན་གྱི་བཟོ་སྐྲུན་ལག་བསྟར་དང་། རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ལ་ཤུགས་སྣོན་རྒྱུ། དམངས་ཡོངས་ཀྱི་ལུས་རྩལ་བྱ་འགུལ་སྤེལ་ནས། རྒྱལ་སྤྱིའི་མི་ཆོས་ལུས་རྩལ་བརྗེ་རེས་ཧུར་ཐག་གིས་རྒྱ་སྐྱེད་གཏོང་རྒྱུ་བཅས་ཀྱི་ཐུགས་རེ་བཏོན།