མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲའོ་ལི་ཅི་ཀྲུང་གོ་དམངས་གཙོ་མནའ་མཐུན་སོགས་ཀྱི་གྲོས་ཚོགས་ལ་ཞུགས་པ།

  2024-03-07 15:40:13 

ཀྲའོ་ལི་ཅི་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཞིང་བཟོ་ཏང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་པ།

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཞིང་བཟོ་ཏང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།

ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས། ཀྲའོ་ལི་ཅི་ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་དཔའ་སྐྱེད་མདུན་སྤྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས། ལག་ལེན་ལས་གཏན་ཕབ་གཉིས་ནི་ཉེན་ཁ་དང་འགོག་རྐྱེན་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་ངེས་གཏན་མེད་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཉེན་ཁ་དང་འགྲན་རྩོད་སྐབས་ཀྱི་ཀྲུང་གོ་མི་དམངས་ཀྱིས་ཆེས་བློ་གཏོད་རུང་བའི་སྲོག་ཤིང་ཡིན་པ་ར་སྤྲོད་བྱས་ཡོད། ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཞིང་བཟོ་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ངེས་གནས་ཡང་དག་པར་འཚོལ་བ་དང་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྲིད་ཞུགས་འགན་སྒྲུབ་བཟང་པོ་བྱེད་པ། སེམས་ཤུགས་རྒྱ་ཆེར་གཅིག་སྡུད་བྱེད་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་བཟང་པོ་དང་འཕེལ་རྒྱས་བཟང་པོ། འཐུས་ཚང་བཟང་པོ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་བློ་འདོན་པ་བཟང་པོ་དང་ལག་རོགས་བཟང་པོ། ལས་གྲོགས་བཟང་པོ་བཅས་བྱེད་པའི་རེ་བ་བཅངས་ཡོད་ཅེས་གསུངས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།