ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཀོས་ཀྲིག་འཐུས་ཚབ་ཚོགས་པར་ཕེབས་ནས་བློ་མཐུན་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཧྥུའུ་ཆིན་མཱེ་དང་ཧུའུ་ཡུང་ཀྲུང་། ཙིའུ་ལེན་ཁི་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་པ་དང་ཚོགས་རར་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་འདུག
ཝང་ཧུའུ་ཉིང་གིས་འཐུས་མི་ཚོའི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མངོན་པར་བྱས་ཡོད་ལ། ཏང་ཀྲུང་དབྱང་གིས་ད་ལོའི་བྱ་བའི་ཐད་བཏོན་པའི་བཀོད་སྒྲིག་མངོན་པར་བྱས་ཡོད། སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཟེར།
ཝང་ཧུའུ་ཉིང་གིས་བསྟན་དོན། ལོ་གཅིག་གི་ལག་ལེན་ལས། གཏན་ཕབ་གཉིས་ནི་ང་ཚོས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་སྒྲུབ་ནས་བསམ་བློ་དང་ཆབ་སྲིད། སྤྱོད་ཚུལ་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བསླབ་ནས་རྟོགས་པར་བྱེད་པ་དང་དངོས་སྒྲུབ་བྱེད་པ། ཟབ་སྒྱུར་དང་ནང་སྒྱུར། བརྗེ་སྤོར་སྟེང་རྒྱུན་མཐུད་ངང་ཤུགས་བཏོན་ནས་བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་བྱེད་དགོས།
ཝང་ཧུའུ་ཉིང་གིས་ཀོས་ཀྲིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ཏུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྤྱི་ཡོངས་ལ་འདེགས་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སཽ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུས་ནས་དཔལ་འབྱོར་དར་ཞིང་རྒྱས་པ་དང་མང་ཚོགས་བདེ་ཞིང་སྐྱིད་པ། སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཀོས་ཀྲིག་གི་མ་འོངས་པ་བསུ་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་གཞི་རྩའི་སྒུལ་ཤུགས་ཀྱི་རྒྱུན་བསྐྱངས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་སྔར་ལས་འཆར་འགོད་བྱས་ནས་སྒྲིག་སྲོལ་གྱི་གེགས་རྐྱེན་དང་སྒྲིག་གཞི་རང་བཞིན་གྱི་འགལ་བ་གཏིང་ཟབ་པའི་སྒོ་ནས་ཐག་གཅོད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་འཚོ་སྡོད་བྱེད་པར་འཚམ་པ་དང་ལས་གཉེར་བྱེད་པར་འཕྲོད་པའི་ཞི་མཐུན་གྱི་གྲོང་ཚོ་བསྐྲུན་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས་སྟོབས་ཤུགས་གཅིག་བསྡུས་སྒོས་མང་ཚོགས་ཀྱིས་ཚོར་ཐུབ་པའི་དོན་དངོས་སྐོར་ཞིག་སྒྲུབ་ནས་མང་ཚོགས་ལ་བསྟུད་མར་ཐོབ་ཚོར་གསར་པ་ཡོད་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་བྱ་བ་འདི་མུ་མཐུད་དུ་བཟང་པོར་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་སྤུས་ཚད་མཐོན་པོས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ལག་བསྟར་ནུས་པ་མཐོར་འདེགས་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་གསོན་ཤུགས་བསྐྱེད་དགོས།