ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ལེའོ་ཉིང་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ཏེན་ཞུའེ་ཞང་གིས་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན་ཞེས་གསུངས། ཁོང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དེ། རང་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་གཡུར་དུ་ཟ་བ་དང་། སྐྱོད་ལམ་གསར་པར་གོམ་སྟབས་བརྟན་པོ་བསྒྱུར་ལ། དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་བྲིས། གྲུབ་འབྲས་ལེན་སླ་མོ་ཞིག་མིན་པ་དང་། དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཕྱོགས་སྟོན་དང་ཁ་འབྲལ་ཐབས་མེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་ལ་རག་ལས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་པོར་བསྒྲུབ་དགོས།
ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་པོར་བསྒྲུབ་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་དཀྱིལ་སྙིང་ལས་འགན་དམ་དུ་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་པའི་གནས་ལུགས་བཟང་པོར་བརྩིས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་འཛིན་སར་བྱེད་པ་དང་། འཕེལ་རྒྱས་ཁོར་ཡུག་གི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་བྱ་བ་བཟང་པོར་བསྒྲུབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་དགོས། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་རྩོད་གཙོ་བོ་དམ་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱི་སྤུས་ལེགས་འཚོ་བར་བསྒྱུར་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་དགོས། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་བཟང་པོ་སྤྱད་དེ་ལག་བསྟར་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་བཟང་པོ་ལེན་པར་སྐུལ་འདེད་གཏོང་དགོས།
ཏེན་ཞུའེ་ཞང་གིས་ལེའོ་ཉིང་གི་དར་རྒྱས་གོང་འཕེལ་ཐད་ནས་བླངས་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་པ་དང་། ལེའོ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། བདེན་སྲུང་གསར་གཏོད་དང་འབད་འཐབ་ལྷོད་མེད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་དར་སྤེལ་གྱི་ལམ་བུ་གསར་པར་ཧུར་ཐག་གིས་བསྐྱོད་རྒྱུའི་རེ་བ་བཏོན།