མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་མགོ་ཚུགས།
ཟླ3པའི་ཚེས1ཉིན། རིགས་སོ་སོའི་ཚོང་གཉེར་མཁན་ལ་ཁྲིམས་ལྟར་འདྲ་མཉམ་གྱིས་སྲུང་སྐྱོབ་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ཤིང་། 2024ལོའི་ཟླ3པ་ནས་ཟླ12བར་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་རྒྱུའི་ཐག་བཅད།
ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་ཁྲིམས་ལྟར་ཁྲིམས་འགལ་ཉེས་ཆད་གཅོད་པ་དང་། རང་འགུལ་གྱིས་འགན་ནུས་ལག་བསྟར་བྱེད་པ། ཁྲིམས་བཟང་སྐྱོང་མཁས་ལ་དམིགས་པའི་གཙོ་གནད་གསུམ་གཅིག་བསྡུས་བྱས་ཏེ། འདྲ་མཉམ་འགྲན་རྩོད་ཁྱབ་ཁོངས་ལ་གཏོར་བརླག་གཏོང་བའི་ཉེས་པར་ཆད་པ་ལྩི་མོ་གཅོད་རྒྱུའི་གཏན་འཁེལ་བཟོས། དམངས་གཉེར་ཁེ་ལས་ནང་ཁུལ་གྱི་རུལ་སུངས་ཀྱི་ཉེས་པར་ཆད་པ་ལྕི་མོ་གཅོད་པ་དང་། ཀུང་ཟིས་མིར་ཚོད་འཛིན་དང་མཐོ་རིམ་དཔོན་པོས་ཀུང་ཟིར་རྒྱབ་འགལ་བྱེད་པ་དང་ཀུང་ཟིའི་ཁེ་ཕན་ལ་གནོད་པ་བཟོ་བའི་བྱ་སྤྱོད་ལ་ལྟ་སྐུལ་བཅོས་སྐྱོང་བྱེད་པ་དང་། ཁོག་སྟོང་ཀུང་ཟིར་ཆེད་དོན་རྡུང་རྡེག་བཅོས་སྐྱོང་བྱེད་པ། གྱོད་གཞིར་རྩད་གཅོད་བྱེད་རྒྱུར་དམ་འཛིན་བྱས་ནས། ཁེ་ལས་ཀྱི་འབྲེལ་ཡོད་གྱོད་དོན་ལྟ་སྐུལ་ལ་ཤུགས་སྣོན་པ། ཁྲིམས་ལྟར་བྱེད་ཐབས་ནན་གྱིས་སྤྱོད་པ་སོགས་ཀྱི་ཐབས་ལམ་ཁག་བཅུ་བཞི་བེད་སྤྱོད་བྱས།
ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་བྱ་བའི་ཇུས་གཞིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚད་མཐོའི་ཆབ་སྲིད་འགན་འཁྲི་ཁུར་སེམས་ཀྱིས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་། རང་རྟོགས་སྒོས་དཀྱིལ་སྙིང་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་གཅིག་འགན་སྒྲུབ་དང་། ཕྱོགས་བསྡུས་འགན་སྒྲུབ། རང་འགུལ་འགན་སྒྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟན་འཇགས་དང་། མངོན་གསལ། ཚད་ལྡན། སྔོན་དཔག་ཐུབ་པའི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་དགོས། སྟོབས་དང་ལྡན་པའི་རྩ་འཛུགས་མགོ་ཁྲིད་ཀྱིས་བྱ་བའི་སྟོབས་ཤུགས་གཅིག་དུ་བསྒྲིལ་ནས། མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བྱེད་པ་དང་། བྱ་བ་རྩ་འཛུགས་དོན་འཁྱོལ་བྱེད་དགོས། ཁྲིམས་འཛིན་གྱོད་སྒྲུབ་དེ་དམ་པོར་བཟུང་ནས། གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་རང་ངོས་ཀྱི་སྒྲིག་སྲོལ་དང་མཐུན་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་སྐུལ་མ་དང་སྣེ་ཁྲིད་བྱས་ཏེ། དམངས་གཉེར་ཁེ་ལས་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་གིས་སྣང་ཚུལ་ལེགས་པོ་བསྐྲུན་ནས། ཁེ་ལས་པ་དང་ནང་ཁུལ་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་གཏོང་བར་མཛུབ་སྟོན་བྱས་ཏེ། ཁྲིམས་སྐྱོང་གི་དམངས་གཉེར་ཁེ་ལས་དང་དག་གཙང་གི་དམངས་གཉེར་ཁེ་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།