མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་ཞབས་ཕྱིའི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པ།
ཉེ་ལམ། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་གཅིག་གི་རིང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བུད་མེད་དང་བྱིས་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་སྔར་ལས་ཇེ་དྲག་ཏུ་འགྲོ་བར་ཡར་སྐུལ་བྱས།
མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་ཡར་སྐུལ་སྲོལ་ཡིག་འདོན་པར་སྐུལ་འདེད་གཏོང་རྒྱུ་དེ་ཁྲིམས་འཛུགས་འཆར་འགོད་ནང་བཞག
2023ལོར་ཞིང་ཆེན་རིམ་པའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཕྱིའི་ས་ཚུགས་བཞི་བཅུ་གསར་འཛུགས་བྱེད་པ་སོགས་བྱས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་ཀྱིས་བུད་མེད་ཀྱི་ཁེ་དབང་དང་བྱིས་པའི་བདེ་ཐང་ལ་འགན་སྲུང་བཟང་པོ་བྱས། དེར་མ་ཟད། འཕྲིན་བཅར་སྒེའུ་ཁུང་དང12338བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྤྱི་ཕན་ཞབས་ཕྱིའི་སྐུད་ལམ་བཏོད་པར་ཤུགས་བསྣན་ནས་སྔ་གཞུག་ཏུ་མང་ཚོགས་ཀྱི་འཕྲིན་བཅར་དང་ཁ་པར་ཞུ་གཏུག249དང་ལེན་བྱས་པ་དང་། ཐག་གཅོད་བྱས་ཚད་བརྒྱ་ཆའི་གོ་དགུར་སླེབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་གྲྭ་འབྲིང་ཆུང་དུ་ལད་ཟློས་ཁྲིམས་ཁང་དང་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་བྱ་འགུལ་རྟེན་གཞི་བཙུགས་ཏེ་ཁྲིམས་བཀུར་ཁྲིམས་སློབ་ཁྲིམས་སྲུང་ཁྲིམས་བཀོལ་གྱི་འདུ་ཤེས་ཆེ་རུ་བསྐྱེད། མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བའི་ལམ་ལུགས་གསུམ་དོན་འཁྱོལ་ནན་མོ་བྱས་ཏེ་ཁྱིམ་ཚང་དྲག་ཤུགས་ཀྱི་བསླབ་འདོམས་ཡི་གེ་སོགས་དུས་ཐོག་ཏུ་མཐུན་སྦྱོར་སྒོས་ཕྱིར་བཏོན་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས།
དེ་མིན། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ལག་བསྟར་ཨུ་ཡོན། བུད་མེད་དང་བླངས་པ་སོགས་རྒྱུན་དུ་ཞིང་སྡེ་འབྲོག་ཁུལ་ཁེ་ལས་སོགས་སུ་ཟབ་ཞུགས་བྱས་ཏེ་འཚམས་འདྲི་ལྔ་དང་ལྟ་ཞིབ་ལྔ། ཞུ་སྐྱེལ་ལྔའི་བྱ་འགུལ་སྤེལ་བ་དང་། མི་ཚོགས་གཙོ་བོ་དང་ཉེན་ཁ་ཆེ་བའི་ཁྱིམ་ཚང་ལ་དམིགས་ཏེ་རིམས་བགར་རྩིས་ཐོ་བཙུགས་ནས་ཁྱིམ་ཚང་གཅིག་ལ་སྲིད་ཇུས་གཅིག་གིས་ཁ་གཏད་རོགས་སྐྱོར་བྱ་བ་བཟང་པོར་བསྒྲུབས་པ་དང་། ཏང་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོའི་དྲོད་ཁོལ་དུས་ཐོག་ཏུ་བུད་མེད་དང་བྱིས་པའི་གམ་དུ་བསྐྱལ།