མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་མགོ་བརྩམས།

  2024-03-06 11:52:02 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་མགོ་བརྩམས།

ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ལིས་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་མགོ་འཛིན་བྱས་ཏེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་སོགས་ལ་ཉན།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཚེས5ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི3000ལ་ཉེ་བས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་བླ་མེད་འགན་འཁྲི་ལག་བསྟར་བྱེད་མགོ་བརྩམས།

1.jpg

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་གཟབ་རྒྱས་ཆེ་ལ་འཁྲུག་ཆ་དོད་ཅིང་། ཀྲུའུ་ཞི་སྟེགས་བུའི་དཀྱིལ་དབུས་སུ་ཡོད་པའི་རྒྱལ་རྟགས་ནི་དམར་མདངས་བཀྲ་བའི་དར་དམར་གྱི་མཛེས་རྒྱན་འོག་ཏུ་ལམ་ལམ་དུ་འཚེར་བཞིན་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་མགོ་འཛིན་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཧུང་ཀྲུང་དང་ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིན། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།

ཞི་ཅིན་ཕིང་དང་ལིས་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་དྲུག་ཞུགས་དགོས། ཚེས5ཉིན་གྱི་སྔ་དྲོའི་ཚོགས་འདུར་མི་སྟོང་གཉིས་དང་བརྒྱད་བརྒྱ་དོན་གཉིས་ཞུགས་ཡོད་ཅིང་མི་གྱ་བཞི་ཚོགས་འདུར་འབྱོར་མེད་ལ། ཚོགས་འདུར་དངོས་སུ་ཞུགས་པའི་མི་གྲངས་དེ་ཁྲིམས་བཅད་མི་གྲངས་དང་མཐུན།

2.jpg

ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས། ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།

སྔ་དྲོའི་ཆུ་ཚོད9སྟེང་དུ། ཀྲའོ་ལི་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དངོས་སུ་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད་པ་ན།  ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་དེ་ཁྱོན་བསྡོམས་ཁག་གསུམ་ལ་དགར་ཡོད་ཅིང་། གཅིག་ནི2023ལོའི་བྱ་བ་ཕྱིར་དྲན་དང་། གཉིས་ནི2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། གསུམ་ནི2024ལོའི་སྲིད་གཞུང་གི་བྱ་བའི་འོས་འགན་བཅས་ཡིན།

3.jpg

ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

ལིས་ཆང་གིས་སྙན་ཞུའི་ནང་འདས་ཟིན་པའི་ལོ་གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་དང་། སྐབས་འདིའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོ་ཡིན། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་རོལ་གྱི་གནོན་ཤུགས་ཐེག་ཐུབ་པར་བྱས་པ་དང་ནང་ཁུལ་གྱི་དཀའ་ངལ་རིམ་པར་སེལ་ལ། དཀའ་སྤྱད་འབད་བརྩོན་བྱས་ནས་པྲོག་གསར་རིམས་ནད་མགོག་སྡོམ་བརྟན་འཇགས་ངང་མཚམས་སྒྱུར་བྱས་ཏེ། ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་བླངས་པར་མ་ཟད། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ཡོངས་འགྲུབ་བྱས་པ་ལས་གཞན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་སྲུང་འཛིན་བྱས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཞེས་བསྟན།

ལིས་ཆང་གིས་སྙན་ཞུའི་ནང་ལོ་གཅིག་གི་རིང་ལ། ང་ཚོས་ཏང་གི་ཚོགས་ཐེངས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་དྲུག་བསྒྲུབས་པ་སྟེ། གཅིག་ནས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། གཉིས་ནས་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མངོན་སུམ་གྱིས་ཇེ་ཆེར་བཏང་ལ། གསུམ་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བཏང་སྟེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། བཞི་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་བསྣན་ནས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་། ལྔ་ནས་དམངས་ཚིས་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་གང་ལེགས་བྱས་ནས། སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་། དྲུག་ནས་ཁྱོན་ཡོངས་ནས་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བཅོས་སྐྱོང་གི་ཕན་འབྲས་མངོན་སུམ་གྱིས་ཇེ་ཆེར་བཏང་བ་བཅས་ཡིན་ཞེས་བསྟན།

ལིས་ཆང་གིས་སྙན་ཞུའི་ནང་ང་ཚོས་གྲུབ་འབྲས་ཁས་ལེན་བྱེད་པ་དང་མཉམ་དུ། མིག་མདུན་དུ་གནས་པའི་དཀའ་ངལ་དང་འགྲན་སློང་ཅི་རིགས་ཀྱང་རིག་པ་གསལ་བོའི་སྒོ་ནས་མཐོང་ཐུབ་དགོས། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཐད་ཀར་གདོང་གཏད་རྒྱུ་དང་། སེམས་ཤུགསས་ཡོད་རྒུ་བཏོན་ནས་བྱ་བ་ཡག་པོར་བསྒྲུབས་ཏེ། མི་དམངས་ཀྱི་རེ་ལྟོས་དང་མངགས་བཅོལ་ཆུད་ཟོས་སུ་གཏན་ནས་གཏང་མི་རུང་ཞེས་བསྟན།

ལིས་ཆང་གིས་སྙན་ཞུའི་ནང་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་མགོད་བཅུ་བཞི་པའི”འཆར་མགོད་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང5%ཡས་མས་འཕར་བར་བྱ་རྒྱུ་དང་། མཁར་གྲོང་དུ་མི་ཁྲི1200ཡན་གསར་དུ་ལས་ཞུགས་བྱེད་དུ་འཇུག་པ་དང་། མཁར་གྲོང་གི་ལས་ཀ་ཤོར་ཚད5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་སླེབས་པར་བྱ་རྒྱུ། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཅིག་མཚུངས་ཡོང་བར་བྱ་རྒྱུ། རྒྱལ་སྤྱིའི་འགྲོ་སོང་དང་ཡོང་སྒོ་ཕལ་ཆེར་དོ་མཉམ་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲི1.3ཡན་ལ་སླེབས་པར་བྱ་རྒྱུ། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་ཁུངས་ཟད་གྲོན་འགྲོ་ཚད2.5%ཡས་མས་སུ་མར་འགྲིབ་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏང་རྒྱུ་བཅས་ཡིན་ཞེས་བསྟན།

ལིས་ཆང་གིས་སྙན་ཞུའི་ནང་ང་ཚོས་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་འཇགས་ལ་སྐུལ་འདེད་གཏོང་བ། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ་བཅས་རྒྱུན་འཁྱོངས་བྱ་དགོས། ད་ལོའི་འཕེལ་རྒྱས་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཅིས་ཀྱང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དོན་འཁྱོལ་ནན་མོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཆོད་སེམས་དང་ཤེད་ཤུགས་སྔར་ལས་ཆེ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ། ཕན་འབྲས་ལྡན་པའི་ཁྲོམ་ར་དང་ནུས་པ་ཆེ་བའི་སྲིད་གཞུང་གཉིས་སྔར་ལས་ལེགས་པའི་སྒོ་ནས་ཟུང་འབྲེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་རྒྱས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན།

ལིས་ཆང་གིས་སྙན་ཞུའི་ནང་ཏང་ཀྲུང་དབྱང་གིས་ད་ལོའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། འགལ་བ་གཙོ་བོ་དམ་འཛིན་བྱེད་པ་དང་། ཚོད་འཛིན་ཧུར་ཐག་གིས་གཏོར་ནས། བྱ་བ་སྣ་ཚོགས་ཏན་ཏིག་གིས་བཟང་པོར་བསྒྲུབ་དགོས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏང་དགོས་པ་དང་། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་འདེགས་སྐྱོར་གང་ལེགས་བྱ་དགོས་པ། རྒྱལ་ནང་གི་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དེ་དཔལ་འབྱོར་འཁོར་སྐྱོད་བཟང་པོ་ཡོང་བར་སྐུལ་འདེད་གཏང་དགོས་པ། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་ཟབ་སྤེལ་བྱས་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཇེ་ཆེར་གཏང་དགོས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བསྐྱེད་ནས་གཉིས་ཕན་གཉིས་རྒྱལ་ལ་ཡར་སྐུལ་བྱ་དགོས་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་མགོད་གང་ལེགས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཕན་ནུས་ལྡན་པའི་སྒོ་ནས་མགོག་སེལ་བྱ་དགོས་པ། རྒྱུན་འཁྱོངས་ལྷོད་མེད་སྒོས“ཞིང་གསུམ”བྱ་བ་དམ་འཛིན་གང་ལེགས་བྱས་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཁྱབ་ཚུལ་ཤུགས་ཆེན་པོས་ཇེ་ལེགས་སུ་གཏང་དགོས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ནན་མོ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས་པ་བཅས་ཡིན་ཞེས་བསྟན།

ལིས་ཆང་གིས་སྙན་ཞུའི་ནང་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་དང་། མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་བྱ་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་ནས་རྒྱས་བཤད་གནང་།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་བཅས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས།

4.jpg

ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ནས་གསལ་བཤད་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ནས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་སྐོར་གྱི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་པས། དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་འཕེལ་རིམ་ལ་སྐུལ་འདེད་ཆེན་པོ་བཏང་བས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་དེ་ཕྱོགས་ཡོངས་ནས་མ་ལག་ཅན་དང་གཞི་གཅིག་ཅན་དུ་མངོན་འགྱུར་བྱུང་ནས། མ་ལག་ཆ་ཚང་བ་དང་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་བསྐྲུན་རྒྱུར་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་བླངས་ཡོད། གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་པར་བྱ་ཆེད། ལག་ལེན་དངོས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་ནན་ཏན་བྱེད་པའི་རྨང་གཞིའི་སྟེང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ། ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ནང་དོན་གལ་ཆེན་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ནང་བཀོད་དེ། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་མོ་བྱེད་པའི་དགོངས་དོན་དང་གྲུབ་འབྲས་དག་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྟེན་ནས་མཚོན་པར་བྱེད་པའི་དགོས་གལ་ཆེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་དུས་རབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་དགོས་ངེས་ཀྱི་བླང་བྱ་ཞིག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ལྟེ་བར་འཛིན་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་ཞིག་ཡིན་ལ། དུས་རབས་གསར་པར་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དང་ཁྲིམས་སྐྱོང་སྲིད་གཞུང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཁྱོན་བསྡོམས་དོན་ཚན་ཉི་ཤུ་ཡོད་ཅིང་། བཟོ་བཅོས་རྒྱག་རྒྱུའི་ནང་དོན་གཙོ་བོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངོ་བོ་རང་བཞིན་ལྡན་པའི་གོ་གནས་ཀྱི་གཏན་འབེབས་ཇེ་མང་དུ་གཏོང་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་མཛུབ་སྟོན་བསམ་བློ་ཁ་གསལ་བཟོ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་དབང་སྐོར་གྱི་གསལ་བཤད་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མིའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་དང་དེའི་འགན་དབང་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་ལྟར་འགན་ནུས་ཁྱོན་ཡོངས་ནས་ཡང་དག་པར་སྒྲུབ་པའི་ལམ་ལུགས་དང་བྱེད་ཐབས་སྔར་ལས་ཇེ་མང་དུ་གཏོང་བ་བཅས་ཚུད་ཡོད་ཅེས་བསྟན་ཡོད།

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་མཱ་ཞིན་རོས་དང་ཝང་དབྱི། དབྱིན་ལིས། ཧྲི་ཐའེ་ཧྥུན། ལིའུ་གོ་ཀྲུང་། ལིས་ཀན་ཅེ། ལིས་ཧྲུའུ་ལེ། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ཁྲིན་ཅི་ཉིང་། ཁྲིན་མེན་ཨར། ཡོན་ཅ་ཅུན། ཧོང་ཁུན་མེན། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲིའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧུའི་ཧྭ། ལེང་ཀྲིན་དབྱིན། པཱ་ཐིར། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧོས། ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་ཀྲང་ཧྲིན་མེན་བཅས་བསྡད་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅཱ་ཁྲའོ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་ཚོགས་འདུར་ཟུར་ཞུགས་བྱས་པར་མ་ཟད། ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་འདུར་ཟུར་ཞུགས་བྱས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། དྲག་ཆས་ཉེན་རྟོག་དམག་དཔུང་། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའམ་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།