ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲོས་སྡུར་བྱས་ཤིང་གྲོས་གཞི་དང་གྲོས་འཆར་བཏོན། ཁྲེན་ཀང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས། ཝང་ལིས་མེན་གྱིས་ཚོགས་ཆེན་གྱི་འབྲེལ་ཡོད་བླང་བྱ་བརྒྱུད་སྒྲོག་བྱས།
ཁྲེན་ཀང་གིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་ལ་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་དང་། རྒྱལ་ཡོངས་མི་དམངས་ཀྱིས་ཚད་མཐོའི་སེམས་ཁུར་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་སྣང་བྱེད་བཞིན་ཡོད། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་སྔར་ལས་ཇེ་ཆེར་བཏང་སྟེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཚོགས་ཆེན་གྱི་བླང་བྱ་ལྟར། འགན་སྒྲུབ་ཁག་ཁུར་ནན་མོ་བྱེད་པ་དང་། ཚོགས་འདུའི་སྒྲིག་སྲོལ་གཟབ་ནན་གྱི་སྒོ་ནས་ལས་འགན་ཁག་སོ་སོ་བདེ་ལེགས་ངང་ཡོངས་འགྲུབ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་ཚིས་ལེགས་བཅོས་སོགས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་གྲོས་གཞི་བཏོན་ནས། སྙིང་སྟོབས་ཀྱིས་ཁེངས་པའི་སྒོ་ནས་གྲོས་ཚོགས་བཟང་པོར་བསྡུ་བ་དང་གཏམ་ཡག་པོར་བཤད་དེ། མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོར་བཤད་པ་དང་། མཚོ་སྔོན་གྱི་རེ་འདོད་བརྒྱུད་སྒྲོག་བྱེད་པ། མཚོ་སྔོན་གྱི་སྣང་བརྙན་མཚོན་པ་བཅས་བྱ་དགོས་ཟེར།
ཚོགས་ཐོག་ཏུ་གྲོས་གཞི་གཅིག་དང་། བསམ་ཚུལ་གཙོ་བོ་བཅུ་དྲུག་འཐུས་ཚབ་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་སྟེང་སྤྲོད་རྒྱུར་འཐད་པ་བྱུང་ཞིང་། འཐུས་མི་མི་སྒེར་གྱི་མིང་ཐོག་དང་ཡང་ན་མཉམ་འབྲེལ་གྱི་མིང་ཐོག་ནས་ཚོགས་ཆེན་སྟེང་སྤྲོད་རྒྱུའི་གྲོས་གཞིར་འཐད་པ་བྱུང་།