མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

  2024-03-05 16:03:26 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་ཚེས4ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།

ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་མི181ཞུགས་དགོས་པ་དང་། མི180ཞུགས་ཡོད་ལ། མི1ཚོགས་འདུར་ཐོན་མེད། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་སྟེང་ཐོག་མར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འཁུར་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་ཚོགས་དང་དེར་མགོ་འཛིན་བྱ་དགོས། 

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚོགས་འདུའི་ཉིན་རེའི་གྲོས་རིམ་ལྟར་ན། ཐེངས་འདིའི་ཚོགས་ཆེན་དེ་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་འཚོགས་རྒྱུ་དང་། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན7རེད།

རྒྱལ་ཡོངས་དམངས་ཆེན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་བདམས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པ་དང་། བརྡས་ཐག་བཅད་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས་ཐོན་བྱུང་།

གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་ལིའུ་ཆི་དང་། ལིའུ་ཅུན་ཁྲིན། ཞིན་ཁྲུན་དབྱིན། ལོའུ་ཆིན་ཅན། ཁུང་ཧྲའོ་ཞུན། ལིའུ་ཅན་པོ་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་གཏན་འཁེལ་བྱས་པ་དང་། ཚོགས་འདུའི་ཐོག་ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་ཞོར་དུ་འཁུར་རྒྱུ་གཏན་འཁེལ་བྱས།

གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་ཚོགས་ཆེན་སྐབས་སུ་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཟླ3པའི་ཚེས8ཉིན་གྱི་ཆུ་ཚོད12བར་ཡིན་པ་གཏན་ཁེལ་བྱས། ཚོགས་འདུའི་སྐབས་སུ་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་ཚབ་ཚོགས་པ་དང་འཐུས་མིས་ཚོགས་ཆེན་སྐབས་སུ་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ནས་ཐག་གཅོད་བསམ་འཆར་འདོན་པ་དང་ཀྲུའུ་ཞི་ཚོགས་པས་ཐག་གཅོད་བྱེད་པར་ཡར་ཞུ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།