མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པེ་ཅིང་དུ་འབྱོར་བ།

  2024-03-04 12:36:11 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པེ་ཅིང་དུ་འབྱོར།

ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པེ་ཅིང་དུ་འབྱོར་ནས། འགན་སྒྲུབ་ཀྱི་སྐྱོད་ལམ་གསར་པར་ཞུགས།

པེ་ཅིང་དུ་འགྲོ་བའི་ལམ་བར་དུ། འཐུས་མི་ཚོས་ཡིད་ཆེས་བརྟན་པོས་ཡིག་ཆ་ཞིབ་ཀློག་དང་གྲོས་གཞི་འཐུས་ཚང་དུ་བཏང་བ་དང་། ཡང་ན་ཕན་ཚུན་གྲོས་སྡུར་དང་བསམ་འཆར་བརྗེ་རེས་བྱས་ལ། ཡང་ན་བཅར་འདྲི་དང་ལེན་བྱས་ནས་རང་ཉིད་ཀྱི་སེམས་གཏམ་བཤད། འཐུས་མི་ཚོས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་མགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། ཚོགས་ཆེན་གཉིས་བསྡུ་བའི་དོན་སྙིང་ཧ་ཅང་གལ་ཆེ་བས། ཐེངས་འདིའི་གོ་སྐབས་དམ་འཛིན་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པ། ཕ་ཡུལ་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བ། མང་ཚོགས་ཀྱི་སེམས་གཏམ་ཚོགས་ཐོག་ཏུ་ཁྱེར་ནས། མཚོ་སྔོན་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་ཞེས་བཤད།

གཞིས་ཁུལ་གྱི་བྱ་བ་སྒྲུབ་པའི་འཐུས་མི་ལིའུ་ཞའོ་རུང་གིས་བཤད་རྒྱུར། ད་ལོ་ནི་ཐེངས་གཉིས་པར་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པ་ཡིན་ལ། ངར་སེམས་ཆེར་སྐྱེད་བྱེད་པའི་ཞོར་དུ། རང་ཉིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ལ་རྒྱུས་ལོན་སྔར་ལས་གསལ་བོ་བྱུང་སོང་། ང་ཚོས་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་དམངས་ཀྱི་མགྲིན་ཚབ་པ་བྱེད་པ། མང་ཚོགས་ཀྱི་འདོད་བློ་དང་སེམས་གཏམ་ཚོགས་ཆེན་གཉིས་ཀྱི་སྟེང་ཁྱེར་ནས། མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོར་བཤད་པ་དང་མཚོ་སྔོན་གྱི་གཏམ་བཟང་བརྒྱུད་སྒྲོག་བྱེད་ངེས་ཡིན་ཟེར།

འཐུས་མི་ཞུས་ཆིན་མེན་གྱིས་བཤད་རྒྱུར། ལོ་གཅིག་རིང་གི་འགན་སྒྲུབ་དང་གྲོས་ཚོགས་སྔོན་གྱི་འཚམས་འདྲི་དང་རྟོག་ཞིབ། རྒྱལ་ཡོངས་དམངས་ཆེན་ཀྱི་འཐུས་མིའི་གཅིག་བསྡུས་གཟིགས་ཞིབ་ལ་ཞུགས་པ་བཅས་བརྒྱུད་དེ། ངས་ལས་རིགས་མི་ཉུང་བའི་ཉམས་མྱོང་དང་མང་ཚོགས་ཀྱི་འདོད་བློར་རྒྱུས་ལོན་གསལ་བོ་བྱས་པ་དང་། ངས་གྲོས་གཞི་རྩ་ཆེན་དེ་དག་ཚོགས་ཆེན་གཉིས་ཀྱི་ཚོགས་ར་རུ་ཁྱེར་ནས་རང་ནུས་ཅི་ལྕོགས་ཀྱིས་མཛེས་སྡུག་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།