ཟླ3པའི་ཚེས3ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པེ་ཅིང་དུ་འབྱོར་རྗེས་སོ་སོའི་སྡོད་གནས་སུ་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་གྲ་སྒྲིག་ཞིབ་མོ་བྱས་ཏེ། ཚོགས་ཆེན་བདེ་བླག་ངང་འཚོགས་པར་གྲ་སྒྲིག་བྱས།
ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བྱ་བར་ཞུགས་པར་ཚད་མཐོན་པོས་མཐོང་ཆེན་བྱས་ཤིང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས་ངོས་འཛིན་གཅིག་གྱུར་དང་། ལངས་གནས་མཐོར་འདེགས། དཔྱད་ཞིབ་གཏིང་ཟབ་བྱེད་པར་སྔར་ལས་ལྷག་པར་སྐུལ་མ་བཏང་ནས། གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་ཁག་ཁུག་བྱེད་པར་ཧུར་ཐག་སྒོས་ཆ་རྐྱེན་བསྐྲུན་ཞིང་འགན་སྲུང་འདོན་སྤྲོད་བྱས་ཏེ། ཨུ་ཡོན་རྣམས་ཀྱིས་བློ་སེམས་གཅིག་སྒྲིལ་སྒོས་ཚོགས་ཆེན་ལ་ཞུགས་པར་ཁག་ཐེག་བྱས།
གྲོས་གཞི་ནི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འགན་སྒྲུབ་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན། མཚོ་སྔོན་དུ་སྡོད་པའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འཕེལ་རྒྱས་དང་དམངས་ཚིས་ལ་སེམས་ཁུར་བྱས་ཏེ། ནུས་པ་གཙོ་བོ་ཧུར་ཐག་གིས་འདོན་སྤེལ་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་འཚམས་འདྲི་བརྟག་དཔྱད་དང་། ཕྱོགས་བསྡོམས་དང་དབྱེ་ཞིབ་ཟབ་མོ་བྱས་ཏེ། གྲོས་གཞིར་ནན་ཏན་སྒོས་གྲ་སྒྲིག་བྱས། ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་ཁག་ཁུག་བྱེད་པའི་ལས་འགན་དང་བརྩེ་སེམས་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་མཚོ་སྔོན་སྲིད་གྲོས་ཨུ་ཡོན་གྱི་སྣང་ཚུལ་ལེགས་པོར་མངོན་དགོས། རྒྱལ་ཁབ་ཀྱི་དོན་ཆེན་དང་། ཞིང་ཆེན་གྱི་དོན་དག་གཙོ་བོ། དམངས་ཀྱི་དོ་ཁུར་བྱེད་ས་བཅས་ཡིད་ལ་དམ་པོར་འཛིན་པ་དང་། ཆེས་མཐོའི་གྲོས་མོལ་སྟེགས་བུའི་བློ་འདོན་ཇུས་འབུལ་དེ་གོ་སྐབས་སུ་བཟུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་གཅིག་བསྡུས་སྒོས་འཛུགས་སྐྲུན་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཐད་ཀྱི་དཀའ་གནད་དང་གཙོ་གནད་དམ་པོར་འཛིན་པ། འགན་སྒྲུབ་གྲ་སྒྲིག་ལེགས་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་དང་ཚད་མཐོའི་འགན་འཁྲི་ཁུར་སེམས་ཀྱིས་འགན་སྒྲུབ་ཁག་ཁུར་བྱས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་སྲིད་གྲོས་ཀྱི་གཏམ་རྒྱུད་དང་། མཚོ་སྔོན་གྱི་གཏམ་རྒྱུད། ཨུ་ཡོན་གྱི་གཏམ་རྒྱུད་ལེགས་པོར་བཤད་ནས། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་གྱི་འབོད་སྐུལ་ཁྲོད་སྔར་ལས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས།