མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པེ་ཅིན་དུ་འབྱོར་བ།

  2024-03-04 12:36:11 

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པེ་ཅིན་དུ་འབྱོར་བ།

ཟླ3པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་འདུན་དང་མངགས་བཅོལ་ཡིད་ལ་བཅངས་ནས་པེ་ཅིང་དུ་འབྱོར་བ་དང་ཚོགས་ཆེན་ལ་འབྱོར་ཐོ་བཀོད།

ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན། པེ་ཅིང་དུ་མ་སོང་བའི་སྔོན་ལ་ཨུ་ཡོན་རྣམས་ཀྱིས་གཞི་རིམ་དུ་རྟོག་ཞིབ་གཏིང་ཟབ་བྱས་པ་དང་གཟབ་ནན་ངང་གྲོས་གཞི་གྲ་སྒྲིག་བྱས། པེ་ཅིང་དུ་འགྲོ་བའི་ལམ་བར་དུ་ཨུ་ཡོན་རྣམས་ཀྱིས་དོ་སྣང་བྱེད་པའི་བརྗོད་གཞིའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་དང་ཚོགས་ཆེན་ལ་བཅངས་པའི་རེ་སྒུག་གླེང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་བདེ་སྐྱིད། ཚན་རྩལ་གསར་གཏོད་སོགས་ཀྱི་ཕྱོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཆིན་པོ་ཡིས་བཤད་རྒྱུར། ད་ལོར་མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་འགན་སྒྲུབ་བྱེད་པར་དམིགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཨུ་ཡོན་གྱི་སྣང་བརྙན་བཟང་པོར་མངོན་རྒྱུ་ཡིན་པ་དང་མཚོ་སྔོན་གྱི་རེ་འདོད་གླེང་རྒྱུ་ཡིན་ལ། མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོར་བཤད་རྒྱུ་ཡིན་ཟེར།

ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན། དམངས་ཀྱི་འདོད་བློ་བཅས་ཡིད་ལ་བཅངས་ནས་ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་སྤྲོ་སེམས་ཆེན་པོ། འགན་འཁྲི་ཁག་ཁུར་དྲག་པོ་བཅས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་ཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།