ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། 2023ལོའི་བྱ་བར་ཕྱོགས་བསྡོམས་དང་ཕྱིར་དྲན་བྱས་ཤིང་། གནས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ནས། 2024ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ཀྲང་ཙིག་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། 2023ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བརྗོད་དོན་སློབ་གསོ་ཏན་ཏིག་སྒོས་སྤེལ་ཞིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་ཆེས་མཐོའི་ཁྲིམས་ཁང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། སྤུས་ཚད་དང་ཕན་འབྲས་གཉིས་ཀ་ལེགས་པའི་འགྲན་སྡུར་བྱེད་སྒོ་སྤེལ་རྒྱུར་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཕུགས་འདུན་དང་ཆོད་སེམས་སྔར་ལས་སྲ་བརྟན་དང་། ཁྲིམས་འཛིན་འདུ་ཤེས་རྒྱུན་མཐུད་གསར་སྒྱུར། ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོ་བརྟན་ཐོག་ཡར་འཕེལ། འདྲི་གཅོད་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། རུ་ཁག་གི་བྱང་ཚད་ནུས་ལྡན་སྒོས་མཐོར་འདེགས་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བྱས་རྗེས་མི་དམན་པ་བཞག
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དྲང་གཞག་དང་ལས་ཆོད་ཀྱི་བྱ་བའི་བརྗོད་དོན་དང་། ཆབ་སྲིད་སྨྲ་བ་དང་། སྤྱི་ཡོངས་ལ་དམིགས་པ། དྲང་གཞག་ལ་སྐུལ་འདེད། ལས་ཆོད་མཐོར་འདེགས། རང་གཅུན་ལ་མཐོང་ཆེན། རུ་ཁག་སྟོབས་ཆེར་གཏོང་བ་བཅས་ཀྱིས་སྤྱིའི་བླང་བྱར་དམ་པོར་དམིགས་ནས། རང་འགུལ་ཁྲིམས་འཛིན་དང་བསམ་ཕྱོགས་བརྗེ་རེས་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་བརྩེ་སེམས་དང་འགན་འཁུར་བརྟན་སྲུང་བྱེད་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཆབ་སྲིད་ཕྱོགས་ནས་ལྟ་བ་དང་ཁྲིམས་འཛིན་ཕྱོགས་ནས་བསྒྲུབ་པ་དངོས་འབེབས་བྱེད་དགོས། ཁྲིམས་ལྟར་འགན་སྒྲུབ་ཁག་ཁུར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་འདེགས་སྐྱོར་དང་ཞབས་ཞུ་བསྒྲུབ་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཟབ་ཞུགས་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྤུས་ཚད་དང་ཕན་འབྲས་གཉིས་ཀ་ལེགས་པ་དམ་འཛིན་བྱས་ཏེ། འདྲི་གཅོད་དོ་དམ་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རུ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དུས་རབས་གསར་པའི་ཁྲིམས་ཁང་གི་ནུས་ལྡན་དཔུང་ཁག་གང་ནུས་སྒོས་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས།