མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ།

  2024-01-31 17:21:29 

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ།

ཟླ1པོའི་ཚེས28ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དོན་དགུ་ཡོད་ལ། མི་དོན་དྲུག་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཀྲང་ཧོང་ཡོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བདུན་ཡོད་དེ།

གཅིག ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

གཉིས། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་འདེམ་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

གསུམ། འཐུས་ཚབ་ཚོགས་པ་སོ་སོས་ཀྲུའུ་ཞི་ཚོགས་པས་གྲོས་སྡུར་བྱས་ཏེ་མིང་བཏོན་པའི་འདེམ་སྒུག་པ་དང་འོས་མིའི་གནས་ཚུལ་གྱི་སྙན་ཞུར་ཉན་རྒྱུ།

བཞི། དངོས་གཞིའི་འདེམ་སྒུག་པ་དང་འོས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

ལྔ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ་སྤྱིའི་འདེམས་ཤོག་ལྟ་ཞིབ་པའི་མིང་འདོན་རྒྱུ།

དྲུག སྙན་ཞུ་སོ་སོའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བདུན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ལ་གྲོས་འཆམ་འབྱུང་རྒྱུ་བཅས་རེད།

གྲོས་ཚོགས་ནས་རིམ་པ་བཞིན་གོང་གི་གྲོས་རིམ་བདུན་པོར་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།