ཞིང་ཆེན་སྲིད་གཞུང་དང་མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་འབྲེལ་གཏུག་བྱེད་སའི་རྫོང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརྗོད་དོན་སློབ་གསོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས་པ།
ཟླ1པོའི་ཚེས8ནས་ཚེས17ཉིན་བར། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་བཞིན། ཞིང་ཆེན་སྲིད་གཞུང་དང་མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག་བཅས་སོ་སོར་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། རྫ་སྟོད་རྫོང་། གཅིག་སྒྲིལ་རྫོང་། ཁྲི་འདུ་རྫོང་། པདྨ་རྫོང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་རྫོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས་ནས་འཛུབ་སྟོན་བྱས།
ཚོགས་ཐོག་ནས་རྫོང་སོ་སོའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ། 2022ལོའི་ཆེད་དོན་དམངས་འཚོ་གྲོས་ཚོགས་ཀྱི་གྲལ་བཤེར་གནད་དོན་ལེགས་བཅོས་བྱས་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས། རྫོང་སོ་སོའི2023ལོའི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱི་ཤན་སྦྱར་ཞིབ་བཤེར་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཤན་སྦྱར་ཞིབ་བཤེར། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པར་ནན་ཏན་ངང་ཉན་རྗེས། ཞིང་ཆེན་སྲིད་གཞུང་དང་མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་ཀྱིས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏང་གི་རྩ་བའི་ལས་འགན་ལེགས་འགྲུབ་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཡིན་པས། གཞུང་ལུགས་ཀྱི་དྲག་ཆས་རྒྱུན་དུ་དམ་འཛིན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ། ཡིད་ཆེད་ཆེ་རུ་བསྐྱེད་པ་དང་ཆབ་སྲིད་ཐད་བློ་དཀར་བ། ཐོག་མའི་དམིགས་གཞི་ཤུགས་དྲག་ཏུ་གཏོང་དགོས། ལེགས་བཅོས་ལག་བསྟར་གཏིང་ཟབ་བྱས་ནས་ལྔར་ལས་ལྷག་པའི་སྒོ་ནས་ལས་འགན་གསལ་བོ་དང་བྱེད་ཐབས་གསལ་བོ། དུས་ཚོད་གསལ་བོ་བྱས་ནས་རང་ཉིད་དེའི་ཁྲོད་འཇོག་པ་དང་དེའི་ཐད་བསམ་བློ་གཏོང་བ། དེའི་ཁྲོད་ཀྱི་གནད་དོན་ལ་བལྟས་ནས་ལེགས་བཅོས་བྱེད་པ་དང་། རྩ་ལག་མཉམ་བཅོས་དང་ཡུན་ཕན་བཅོས་སྐྱོང་མངོན་འགྱུར་བྱེད་པར་འབད་དགོས། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བ་ཁག་སོ་སོར་འཆར་འགོད་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་འགན་ཁུར་མི་སྣ་དང་པོའི་ལས་འགན་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། གོང་དཔེ་འོག་སྟོན་གྱིས་རང་གཅུན་ནན་མོ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་བྱེད་པ། ཉེན་ཟོན་སློབ་གསོ་རྒྱུན་རྣམ་ཅན་དུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་གྲུབ་པར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་ཁག་ཁུར་ལ་སྐུལ་འདེད་གཏོང་བ་དང་དངོས་སྒྲུབ་དང་གྲུབ་འབྲས་དངོས་ཀྱི་ཁྲིད་ཕྱོགས་སྲ་བརྟན་དུ་བཏང་སྟེ། གནད་དོན་ལ་གདོང་གཏོད་པ་དང་རང་ངོས་གསར་པརྗེ་བྱེད་ཕོད་པ། བདེན་འཛིན་དངོས་སྒྲུབ་དང་ཁག་ཁུར་ཡོད་པ། བྱས་རྗེས་བཞག་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ལས་རིགས་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བྱེད་དགོས།