མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དམངས་ཆེན་སྐབས14པའི་གྲོས་ཚོགས་ཐེངས2པའི་དྲུང་ཡིག་ཁྲུའུ་ཡི་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་པ།

  2024-01-31 17:21:29 

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡི་བྱ་བའི་སྤྱི་སྡོམ་དང་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

ཟླ1པོའི་ཚེས28ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་རྗེས། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་བྱ་བའི་སྤྱི་སྡོམ་དང་གཟེངས་བསྟོད་ཚོགས་འདུ་བསྡུས།

གྲོས་ཚོགས་སྟེང་བལྟས་ན། གྲོས་ཚོགས་སྐབས་སུ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་བྱ་བའི་ཚན་ཆུང་སོ་སོས་སྤུས་ཚད་མཐོན་པོས་ཚོགས་འདུ་བཟང་པོར་བསྡུ་བའི་བླང་བྱ་ལྟར། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་རྒྱུ་ཐོག་མཐའ་བར་གསུམ་དུ་སྦྲེལ་བ་དང་གཟབ་ནན་གྱི་བྱ་བའི་ལམ་ལུགས་དང་གོ་རིམ་ཐོག་མཐའ་བར་གསུམ་དུ་སྦྲེལ་རྒྱུ། ཁག་ཁུར་བཟང་པོ་བྱེད་པ་དང་འགན་ཁུར་ཕོད་པ་ཐོག་མཐའ་བར་གསུམ་དུ་སྦྲེལ་རྒྱུ། གཟབ་ནན་གྱི་ཚོགས་འདུའི་སྒྲིག་ལམ་དང་ཚོགས་འདུའི་ལམ་སྲོལ་ཐོག་མཐའ་བར་གསུམ་དུ་སྦྲེལ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཡོངས་དང་སྤུས་ནུས། མཐུན་སྒྲིལ། སྒྲིག་ཁྲིམས། བྱས་རྗེས་བཅས་གླེང་བ་དང་། བློ་ཐག་རྦད་ཆོད་སྒོས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་པོར་སྒྲུབ་རྒྱུ་དེ་ཚོགས་འདུའི་ཕྱོགས་སོ་སོའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུས་ཚོགས་ཆེན་གཉིས་བཟང་པོར་བསྡུ་བའི་བླང་བྱའི་སྟེང་གཅིག་གྱུར་བྱས་ལ། འགན་ཆེན་པོ་འཁུར་བའི་རྣམ་འགྱུར་དང་གཟབ་ནན་ཏན་ཏིག་གི་སྤྱོད་ཚུལ། གནད་ཕིགས་ནུས་ཡོད་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་སྤུས་ཚད་ལེགས་ཤིང་ནུས་ཡོད་སྒོས་ཚོགས་ཆེན་གྱི་ཞབས་ཞུའི་འགན་སྲུང་བྱ་བ་སོ་སོ་ཡོངས་འགྲུབ་བྱས་པར་འདོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་བདེ་བླག་ངང་བསྡུས་པ་དེ་མགོ་རྩོམ་ས་གསར་པར་བྱས་ཏེ་ཚོགས་ཆེན་ཁྲོད་བསླབས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ། སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། འབད་འཐབ་ཀྱི་རྣམ་འགྱུར་བཟང་པོ་དང་བྱ་བའི་སྤྲོ་སེམས་ཆེན་པོས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཟང་པོ་བྱེད་པ་དང་། སྙན་ཞུའི་གྲོས་ཆོད་སོ་སོ་ལག་བསྟར་བཟང་པོ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཆེན་གྱི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་དུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ཡི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཐག་གཅོད་སྒྲོག་འདོན་བྱས། སྡེ་ཁག་བཅུ་དང་ལས་བྱེད་མི་སྣ་བརྒྱ་དང་རེ་དྲུག་ལ་གཟེངས་བསྟོད་ཐོབ།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།