ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་དཀྱིལ་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་དྲ་ཐོག་གི་བྲོས་བྱོལ་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།
ཟླ1པོའི་ཚེས8ཉིན། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་བྱ་བ་བསྒྲུབས་པ་བརྒྱུད། སྲོག་གྱོད་ཅིག་གི་བྲོས་བྱོལ་ཉེས་ཅན་གྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་བྱུང་ཞིང་། དེའི་རྗེས་གྲལ་བཤེར་དང་བཅར་འདྲི་སོགས་བྱས་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ལིས་ཅ་ཧྲན་གྲོང་རྡལ་གྱི་ཉེ་འཁོར་ནས་བདེ་བླག་ངང་འཛིན་བཟུང་བྱས།
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས2003ལོར་ཨན་ཧུའེ་ཞིང་ཆེན་ཞའོ་རྫོང་དུ་བུད་མེད་ཅིག་བསད་པ་དང་། དེའི་རྗེས་སུ་ཡུལ་དངོས་ནས་བྲོས་བྱོལ་དུ་སོང་ནས་ལོ21རིང་གི་བྲོས་བྱོལ་གྱི་འཚོ་བ་སྐྱེལ་མགོ་ཚུགས་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྦས་སྐུང་བྱས་ནས་བསྡད་པ་ཤེས་རྟོགས་བྱུང་།
དོགས་ཡོད་ཉེས་ཅན་ཀྲང་ཆེ་ག་གེ་མོས་བསམ་གཟས་ནས་མི་བསད་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་བྱས་པ་དང་། ད་ལྟ་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་ཡར་སྤྲད་ནས་དེ་དང་འབྲེལ་བའི་བྱ་བ་སྒྲུབ་པའི་སྒང་རེད།