མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་ཆེན་སྐབས14པའི་གྲོས་ཚོགས་ཐེངས2པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས3བསྡུས་པ།

  2024-01-31 17:21:29 

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

ཟླ1པོའི་ཚེས27ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དོན་བདུན་ཡོད་པ་དང་། མི་དོན་དྲུག་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཉི་མ་སྒྲོལ་མས་གྲོས་ཚོགས་ལ་འགོ་འཛིན་བྱས། གྲོས་ཚོགས་ཀྱི་གྲོས་རིམ་ལ་བསྡོམས་པས་བཞི་ཡོད་དེ།

གཅིག མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ།

གཉིས། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ།

གསུམ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ།

བཞི། ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་འཆར་ཟིན་གྲོས་གཞིའི་བརྡས་གཅོད་མ་ཡིག་ལ་ཉན་ནས་གྲོས་འཆམ་འབྱུང་རྒྱུ་བཅས་རེད།

གྲོས་ཚོགས་ནས་རིམ་པ་བཞིན་དུ་གོང་གི་གྲོས་རིམ་བཞི་བོར་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།