ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཚན་ཆུང་བགོས་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ།
ཟླ1པོའི་ཚེས26ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཚན་ཆུང་བགོས་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་ཚོགས་ར་སོ་སོ་ནས་རང་འགུལ་གྱིས་གཏམ་བཤད་པ་དང་། བསམ་ཚུལ་དང་བསམ་འཆར་ལྷུག་པོར་བརྗོད།
འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་ཡོད་ལ། བརྗོད་དོན་མངོན་གསལ་ཡིན་པ་དང་ནང་དོན་དོན་དངོས་དང་མཐུན། བྱ་བར་ཕྱིར་ལྟ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། ལས་འགན་བཀོད་སྒྲིག་གི་བསམ་ཕྱོགས་གསལ་བོ་ཡིན་པས་དུས་རབས་ཀྱི་བླང་བྱ་དང་འཚམ་ཞིང་ཁྲིམས་སྐྱོང་སྙིང་སྟོབས་མཚོན་ལ། དམངས་ཀྱི་འདུན་མ་མཚོན་པའི་སྙན་ཞུ་བཟང་པོ་ཞིག་རེད། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། འགན་སྒྲུབ་ཧུར་ཐག་དང་ཁར་ཁུར་འབད་བརྩོན། བདེན་སྲུང་གསར་གཏོད་བྱས་པ་དེས། རང་རྟོགས་མཐོ་བའི་ཆབ་སྲིད་ལངས་གནས་དང་། མངོན་པར་གསལ་བའི་ཁྲིམས་སྐྱོང་སྙིང་སྟོབས། ཤུགས་དྲག་པའི་འགན་འཁྲིའི་ཁག་ཁུར། འགྱུར་བ་མེད་པའི་མི་དམངས་ཀྱི་ལངས་ཕྱོགས་བཅས་གཏིང་ཟབ་ཏུ་མཚོན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་དམངས་ཆེན་གྱི་སྟོབས་ཤུགས་ཕུལ་ཡོད། སྙན་ཞུའི་ནང་ལོ་གསར་པའི་བྱ་བའི་གྲོས་གཞི་བཏོན་པ་དེ་གནས་ཚུལ་དངོས་དང་མཐུན་ཞིང་བསམ་ཕྱོགས་གསལ་བོ་ཡིན་ལ། གཙོ་གནད་འབུར་དུ་ཐོན་ཡོད་པས་དེང་རབས་ཅན་གྱི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་འབེན་གསལ་བོ་བཏོན་ཡོད་པར་འདོད།
སྐྱོད་ལམ་གསར་པ་དང་ལས་འགན་གསར་པའི་ཐད་ནས་འཐུས་མི་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དངོས་སྒྲུབ་འབད་བརྩོན་བྱེད་པ། ལས་འགན་ལག་བསྟར་བྱེད་པ་དང་འགན་སྒྲུབ་ཁག་ཁུར་བྱས་ནས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་རྣམ་པ་གསར་པ་གཏོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།