མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

  2024-01-27 23:58:41 

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཟླ1པོའི་ཚེས26ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དོན་དགུ་ཡོད་ལ། མི་དོན་བཞི་གྲོས་ཚོགས་ལ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། གྲོས་ཚོགས་ལ་གྲོས་རིམ་བཅུ་ཡོད་དེ།

གཅིག མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

གཉིས། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་འཆར་གཞིའི་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་འཆམ་འབྱུང་རྒྱུ།

གསུམ། མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་འཆར་གཞིའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བཞི། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་འཆམ་འབྱུང་རྒྱུ།

ལྔ། མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་སྔོན་རྩིས་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

དྲུག འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་འཆམ་འབྱུང་རྒྱུ།

བདུན། ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

བརྒྱད། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འོས་མི་འདེམ་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་རྒྱུ།

དགུ། འདེམ་སྒུག་པ་གསབ་འདེམ་གྱི་གནས་ཚུལ་མཚམས་སྦྱོར་བྱ་རྒྱུ།

བཅུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འདེམ་སྒུག་པ་གསབ་འདེམ་བྱེད་པའི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་དང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འོས་མིའི་མིང་ཐོར་གྲོས་འཆམ་འབྱུང་རྒྱུ་བཅས་རེད།

ཚོགས་ཐོག་ཏུ་རིམ་པ་བཞིན་གོང་གི་གྲོས་རིམ་བཅུ་ལ་གྲོས་འཆམ་བྱུང་།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།