མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དམངས་ཆེན་སྐབས14པའི་གྲོས་ཚོགས་ཐེངས2པས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས1པོ་བསྡུས།

  2024-01-27 23:58:41 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

ཟླ1པོའི་ཚེས26ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ།

གཅིག ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཐགགཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན་པ།

གཉིས། སྲིད་གཞུང་དང་འཆར་གཞི། སྔོན་རྩིས་བཅས་ཀྱི་སྙན་ཞུ་བཟོ་བཅོས་གནས་ཚུལ་གྱི་གསལ་བཤད་ལ་ཉན་པ།

གསུམ། སྲིད་གཞུང་དང་འཆར་གཞི། སྔོན་རྩིས་བཅས་ཀྱི་སྙན་ཞུའི་གྲོས་ཆོད་འཆར་ཟིན་བཏོན་པར་མ་ཟད་གྲོས་སྡུར་བྱེད་པ་བཅས་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།