ཟླ1པོའི་ཚེས26ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། སྤུས་ཚད་མཐོ་བའི་གྲོས་མོལ་སྲིད་གླེང་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་ཅེས་པའི་བརྗོད་དོན་ལ་དམིགས་ནས་གསར་འགྱུར་སྒྲོག་སྤེལ་བྱས།
སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞུའུ་ལེན་དབྱིན་དང་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲང་ཡུས་ལུང་། ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཝུན་ཧྭ། ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རིན་ཧྭ་ཞིའུ་བཅས་ཀྱིས་སོ་སོར་འགན་སྒྲུབ་ཀྱི་གྲུབ་འབྲས་གསར་བར་བརྟེན་ནས་སྲིད་གྲོས་ཀྱི་བྱེད་ཐབས་གསར་བ་མངོན་པར་བྱེད་ཅེས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་སྲིད་གྲོས་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་ཞེས་པ། དམངས་གཙོ་གྲོས་མོལ་རྣམ་པ་གསར་སྐྲུན་བྱས་ཏེ་སྲིད་གླེང་གྲུབ་འབྲས་མགྱོགས་མྱུར་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་ཞེས་པ། ལས་འགན་གཙོ་བོ་གཅིག་བསྡུས་བྱས་ཏེ་གྲོས་མོལ་གྲུབ་འབྲས་ཚུལ་སྒྱུར་དོན་འཁྱོལ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་ཞེས་པ་བཅས་ཁ་བྱང་དུ་བྱས་ཏེ་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་བྱ་བའི་གྲུབ་འབྲས་དང་གྲོས་མོལ་གྲུབ་འབྲས་ཚུལ་སྒྱུར་དོན་འཁྱོལ་གནས་ཚུལ་མཚམས་སྦྱོར་བྱས།
ལོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་ཏུ། ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པར་མ་ཟད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་ཐུན་མོང་གི་འདུ་ཤེས་རྒྱ་ཆེར་གཅིག་སྡུད་བྱས་ལ། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་དོན་ཆེན་པོ་གཉིས་འབུར་དུ་ཐོན་པར་བྱས་ཤིང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས་སེམས་ཤུགས་གཅིག་སྡུད་དང་རང་འགན་གཙང་སྒྲུབ་བྱས་པ་དང་། གྲོས་མོལ་གྱི་གཙོ་འགན་གཙོ་ལས་འབུར་དུ་ཐོན་པར་བྱས་ཏེ་གྲོས་མོལ་གྱི་སྟེགས་བུ་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གསར་བ་བླངས་ཤིང་། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་བཟང་བོ་མངོན་པར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཚོགས་ཆེན་གྱི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྥིན་ཆིན་དབྱི་ཡིས་འགོ་འཛིན་བྱས་པ་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྡེ་ཁག་དང་ཞིང་ཆེན་ལྟེ་གནས་ཀྱི་གསར་འགྱུར་སྨྱན་བྱད་ཀྱི་ཚོགས་ཆེན་ལ་ཞུགས་པའི་གསར་འགོད་པ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།