མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོར་དམངས་ཆེན་འཐུས་མིའི་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས་པ།

  2024-01-27 23:58:41 

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོ་སོར་མཚོ་ཤར་འཐུས་ཚབ་ཚོགས་པ་དང་མཚོ་ནུབ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རརེ་སུའུ་ལེ་ཧན། ཀྲུའུ་ཞང་ཧྥུན་བཅས་སོ་སོར་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་སོགས་ཚོགས་ཆེན་གྱི་སྙན་ཞུ་སྣ་ཚོགས་སྐོར་ནས་འཐུས་མི་རྣམས་དང་མཉམ་དུ་གྲོས་སྡུར་བྱས།

ཚང་མས་གཅིག་གྱུར་སྒོས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་ཅིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དངོས་ཡོད་དང་ཡོངས་སུ་མཐུན་ཞིང་མ་འོངས་ལ་རྒྱང་བལྟ་བྱས་པའི་དམིགས་འབེན་གསལ་བོ་ཡིན་ལ། བདེན་འཚོལ་དངོས་གཉེར་དང་སེམས་ཤུགས་གཅིག་སྒྲིལ། གསར་སྤེལ་ཡར་བརྩོན། བརྩོན་སེམས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་བོ་ཞིག་རེད། སྙན་ཞུ་དེས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བ། མགོ་རྩོམ་ས་གསར་བར་ལངས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས་གསར་བ་དྲུག་གིས་ན་ནིང་གི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་། གཞི་གྲངས་བཀོལ་ནས་དངོས་ཐོག་བདེན་འཚོལ་བྱས་ལ། གནད་འདུས་བརྒྱད་ཀྱིས་ད་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པ་དང་། དམིགས་འབེན་མངོན་གསལ་དང་བྱེད་ཐབས་ཞིབ་ཕྲ་ཡིན་ལ། ད་ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་སྐུལ་སློང་དང་འབོད་སྐུལ་གྱི་དུང་བརྡ་བསྒྲགས་ཡོད་པར་འདོད།

ཚང་མས་གཅིག་གྱུར་སྒོས་བལྟས་ན། འདས་པའི་ལོ་གཅིག་གི་ནང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་ལས་འགན་མདུན་ནས། བློ་མཐུན་ཞི་ཅིང་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་བསྟར་བྱས་ཏེ། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཁག་ཁུར་དངོས་སྒྲུབ་ཀྱིས་དངོས་འབེབས་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། འཕེལ་རྒྱས་ཀྱི་བརྟན་འཇགས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་སོང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་བརྟན་པོ་སྤོས་ཡོད་པར་འདོད།

ཚང་མས་གཅིག་གྱུར་སྒོས་བལྟས་ན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། སྲིད་གཞུང་བྱ་བའི་སྙན་ཞུ་ལས་ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བཏོན་ཡོད་པ་དང་། བསམ་ཕྱོགས་གསལ་བོ་ཡིན་ཞིང་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད་ལ། གཙོ་གནད་འབུར་དུ་ཐོན་པ་དང་བྱེད་ཐབས་ནུས་ལྡན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ་དང་། ལྷོད་གཡེང་མེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ་དང་། ནན་ཏན་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་དངོས་འབེབས་བྱས་ཤིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་མྱུར་དུ་འདྲེས་པར་བྱེད་པ། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ནང་མཁོ་རྒྱ་བསྐྱེད་པ་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་གཅིག་འདོམས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་ལག་བསྟར་བྱེད་དགོས་པར་མ་ཟད། གསར་གཏོད་རྒྱ་སྐྱེད་དང་ཧུར་བརྩོན་ཡར་སྐྱེད་བྱས་ནས། རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་དགོས་པར་འདོད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།