མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

  2024-01-26 18:38:09 

ཟླ1པོའི་ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་འདོན་ཇུས་འབུལ་དང་སེམས་ཤུགས་གཅིག་སྒྲིལ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའོ་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཞོན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཕིན་ཡིའུ་ཏུང་བཅས་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞིར་ཉན།

ཨུ་ཡོན་ཚའོ་ཀོང་ཁྲའོ་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རང་ཞིང་གི་“ཐཱན་གཉིས”དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། ཨུ་ཡོན་ཀྲང་ཝུན་ཅུན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། རོང་འབྲོག་ཁུལ་གྱི་རྒན་གསོ་མ་ལག་འཐུས་ཚང་དུ་བཏང་སྟེ། ལོ་ལོན་རྒན་པ་སྔར་ལས་མང་བོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཟེར། ཨུ་ཡོན་ཝང་ཅན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། གྲོང་གསེབ་དར་སྤེལ་སྤུས་འདེགས་ཕན་མཐོ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། ཨུ་ཡོན་ཝང་ཁུན་གྱིས་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། ས་ཞིང་བ་ཚྭ་ཅན་སྔོག་འདོན་བེད་སྤྱོད་གཏོང་བར་མཐོང་ཆེན་བྱས་ཏེ། མཚོ་སྔོན་གྱི་ཐང་རྒོད་ལ་གསོན་ཤུགས་སྩོལ་དགོས་ཟེར། ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཞིབ་འཇུག་ལ་ཤུགས་བསྣན་ནས། མཐོ་སྒང་གི་ཁྱད་ཆོས་དང་ས་གནས་ཀྱི་དགེ་མཚན་ལྡན་པའི་རིག་ཚན་མ་ལག་འཛུགས་དགོས་ཟེར། ཨུ་ཡོན་ལིས་ཆིན་གྱིས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྐབས། ཡུལ་གཞན་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་ཤུགས་འདོན་དགོས་ཟེར། ཨུ་ཡོན་རྡོ་རྗེ་ཡིས་གཏམ་བཤད་སྐབས། ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་བརྩོན་ལེན་དང་གཅིག་འདོམས་བྱས་ཏེ། མཐོ་སྒང་གི་ཁམས་གསོའི་གྲོས་མོལ་སྲིད་གླེང་གྲུབ་འབྲས་ཚུལ་སྒྱུར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། ཨུ་ཡོན་ཀླུ་མཁར་རྒྱལ་གྱིས་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྐབས། ལས་ཞུགས་གཙོར་འཛིན་པའི་འཐབ་ཇུས་གནད་འཁེལ་ལག་བསྟར་བྱེད་པ་དང་། རང་ཞིང་གི་ལས་ཞུགས་ལས་སྐྲུན་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར། ཨུ་ཡོན་ལིས་ཞང་དབྱང་གིས་གཏམ་བཤདསྐབས། སྲིད་ཇུས་ཀྱིས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རྩྭ་འདེབས་རྩྭ་གསོ་མ་ལག་འཛུགས་དགོས་ཟེར། ཨུ་ཡོན་ཀྲང་ཡུང་ལིས་ཀྱིས་གཏམ་བཤད་སྐབས། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་དངོས་སུ་འདོན་སྤེལ་བྱེད་དགོས་ཟེར། ཨུ་ཡོན་ཝུའུ་ཧན་ཀྲུང་གིས་གཏམ་བཤད་སྐབས། ཞང་ཀང་དང་ཨོ་མིན་བར་དུ་འབྲེལ་འདྲིས་བརྗེ་རེས་ཟབ་མོ་བྱས་ནས། མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར། ཨུ་ཡོན་ཧྲང་ཡུས་ལུང་གིས་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། རང་ཞིང་གི་ལྷད་མེད་གློག་འདོན་གྱི་རིན་ཐང་སྦས་ཤུགས་སྔོག་འདོན་བྱས་ཏེ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་བསྐྲུན་དགོས་ཟེར།

ཐེངས་འདིའི་གྲོས་ཚོགས་ལ་བསྡོམས་པས་གཏམ་བཤད་རྒྱུ་ཆ་བརྒྱ་དང་གྱ་བཞི་འབྱོར་བ་དང་། ནན་ཏན་གྱིས་དཔྱད་ཞིབ་གདམ་གསེས་བྱས་པ་བརྒྱུད། གཏམ་བཤད་རྒྱུ་ཆ་བཅུ་གཉིས་ངག་ཐོག་གི་གཏམ་བཤད་དུ་བྱས་པ་དང་། རྒྱུ་ཆ་བརྒྱ་དང་གསུམ་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆར་བྱས། གཞན་པ་དག་བསམ་འཆར་དང་གྲོས་གཞིའི་ཚུལ་དུ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་ལྟ་ཀློག་བྱེད་དུ་བཅུག ཁ་གྲངས་དང་སྤུས་ཚད་གང་ཡིན་ཡང་མཐོར་འདེགས་མངོན་གསལ་བྱུང་ཡོད་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དག་གིས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་ཁུར་བ་དང་དམངས་ཀྱི་དོན་དུ་ལས་འགན་ཁུར་བའི་སྣང་བརྙན་བཟང་བོ་མངོན་པར་མཚོན་ཡོད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།