མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྲིད་གྲོས་ཀྱིས་ཨུ་ཡོན་རྣམས་ཀྱིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས་པ།

  2024-01-26 18:38:09 

ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་རྣམས་ཀྱིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་བྱ་བའི་སྙན་ཞུར་གྲོས་སྡུར་བྱས་པ།

ཟླ1པོའི་ཚེས25ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཁག་བགོས་ནས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས། ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་ལ་གྲུབ་འབྲས་སྤྱི་བསྡོམས་བྱས་པ་གནད་ལ་འཁེལ་ཞིང་། འཆར་འགོད་བསམ་ཕྱོགས་གསལ་བོ་ཡིན་པས། ཞིང་ཆེན་སྲིད་གཞུང་གི་སྔོན་སྒྲུབ་ཚོད་ལྟ་བྱེད་པའི་བློ་སྟོབས་དང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤོབས་པ། གསར་གཏོད་འཕེལ་རྒྱས་ཀྱི་ཆོད་སེམས་དང་དམངས་ཚིས་ལེགས་བཅོས་ཀྱི་ཡིད་ཆེས་བཅས་མཚོན་ཡོད་ལ། འགན་སྒྲུབ་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། དམངས་ཚིས་ཐོབ་བྱ་མང་བ། མ་འོངས་པར་ཡིད་ཆེས་ལྡན་པའི་སྙན་ཞུ་ཞིག་ཡིན་པར་འདོད།

ཨུ་ཡོན་རྣམས་ཀྱིས་མྱོང་ཚོར་གླེང་ཞིང་གྲོས་གཞི་བཏོན་ལ། རེ་བ་བཤད་པས། སྤྲོ་སེམས་འཁོལ་བའི་གྲོས་སྡུར་ཁྲོད་སྐྱོད་ལམ་གསར་བར་འབད་པས་བསྐྱོད་པ་དང་། ལེའུ་གསར་བ་འབྲི་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད། ཨུ་ཡོན་རྣམས་ཀྱིས་བལྟས་ན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོབ་ཐད་བྱེད་ཐབས་གསར་བ་བཏོན་པ་དང་། དཔལ་འབྱོར་འཁོར་སྐྱོད་ལ་རྣམ་པ་གསར་བ་མངོན་ཡོད། ཐོན་ལས་ཀྱི་གནས་བཞིས་སྒུལ་ནུས་གསར་བ་བཏོན་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་གསོན་ཤུགས་གསར་བ་བསྐྱེད་ཡོད། བདེ་འཇགས་འགན་སྲུང་ཐད་གསར་དུ་ཤུགས་བསྣན་པ་དང་། དམངས་ཚིས་ཕན་བདེ་ལ་མཐོར་འདེགས་གསར་བ་བྱུང་སྟེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཡིད་ཆེས་སྔར་ལས་བརྟན་ཞིང་སྙིང་སྟོབས་སྔར་ལས་ཆེ་ཞིང་སྒུལ་ཤུགས་སྔར་ལས་ཆེ་རུ་སོང་ཡོད་པར་འདོད། ཨུ་ཡོན་རྣམས་ཀྱིས་བལྟས་ན།  2024ལོའི་བྱ་བའི་ངེས་གནས་ཡང་དག་ཡིན་ཞིང་ཚན་རིག་དང་མཐུན་ལ། ཀྲུང་དབྱང་གི་དགོངས་དོན་ལ་འཚམ་ཞིང་མཚོ་སྔོན་གྱི་དོན་དངོས་གནས་ཚུལ་ལ་མཐུན་པ་དང་། ཡིག་འབྲུ་རེ་རེ་ལས་སྲིད་གཞུང་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཤུགས་འདོན་པའི་ཡིད་ཆེས་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བཟུང་ནས་དམངས་ལ་བརྩེ་སེམས་ཆེན་པོ་བཅངས་པ་མཚོན་ཡོད་པར་འདོད།

ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ལ་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་མགྱོགས་མྱུར་སྒོས་འདྲེས་པར་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུས་བཏོན་པའི་བཀོད་སྒྲིག་ལྟར་དམིགས་འབེན་དང་ལས་འགན་གཏན་འཁེལ་གསལ་བོ་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། དཔལ་འབྱོར་རྒྱུན་མཐུད་བརྟན་འཇགས་སྒོས་འཕེལ་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པ། ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས། ཨུ་ཡོན་གྱི་འགན་འཁྲི་ཁུར་དུ་ནན་མོར་བླངས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ཡག་པོ་བྱས་ནས། ཐུན་མོང་གི་ལྟ་ཚུལ་གཅིག་བསྡུ་སྔར་ལས་བཟང་བོ་བྱེད་པ་དང་། འབྲེལ་བའི་ཁྱབ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཨུ་ཡོན་རྣམས་ཀྱིས་ད་དུང་མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་སྙན་ཞུ་བཅས་ལ་གྲོས་སྡུར་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།