མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲེན་ཀང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  2024-01-26 18:38:09 

ཁྲེན་ཀང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཟླ1པོའི་ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མགོ་ལོག་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་རྣམས་དང་མཉམ་དུ་འབྲེལ་ཡོད་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཁོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཞེས་པའི་ཆེས་ཆེ་བའི་ཆབ་སྲིད་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཆད་མཐོ་བའི་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་བླང་བྱ་གལ་ཆེན་ཏུ་བརྩིས་ཏེ་དོན་དག་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་བཅས་ཀྱི་ལས་བྱེད་པར་ཁོད་ཡངས་པའི་གར་སྟེགས་འདོན་སྤྲོད་བྱེད་དགོས་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མགོ་ལོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཞིབ་ཁྲོད་དུ། འཐུས་མི་ཡེ་ཝན་པེན་དང་རྣམ་སྐྱིད་སྒྲོལ་མ། བཀྲ་ཤིས་དོན་གྲུབ། རིན་ཆེན་སྒྲོལ་མ། ཝང་ཧྲིན་ཏུང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རིན་ཆེན་བཀྲ་ཤིས་བཅས་ཀྱིས་རང་རང་གི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དབུར་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཕྱོགས་ནས་གྲུབ་འབྲས་གླེང་བ་དང་མྱོང་ཚོར་བཤད་ལ། གྲོས་གཞི་བཏོན་པ་དང་། ཁྲེན་ཀང་གིས་གཟབ་ནན་སྒོས་ཉན་པར་མ་ཟད། འཐུས་མི་རྣམས་དང་མཉམ་དུ་གྲོས་སྡུར་བྱས།

ཁྲེན་ཀང་གིས་མགོ་ལོག་གིས་ལོ་གཅིག་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གསར་པ་དང་ཡར་ཐོན་གསར་པ། འགྱུར་ལྡོག་གསར་པ་བཅས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་བྱ་བ་བཟང་པོར་སྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱར་རྒྱུས་ལོན་ཟབ་མོ་བྱས་ཏེ་རང་རྟོགས་སྒོས་དམིགས་ཚད་ལ་དམིགས་ཏེ་དོན་ཆེན་ཁྲོད་དོན་ཆུང་མཐོང་བ་དང་དོན་ཆུང་ཁྲོད་དོན་ཆེན་མཐོང་བར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་བྱ་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་འགུལ་སྐྱོད་དུ་འགྱུར་བར་བྱས་ཏེ་ལས་འགན་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་འགན་སྲུང་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་ཆེས་ཆེ་བ་གསུམ་ཀྱི་ཞིང་ཆེན་གྱི་ངེས་གནས་ལ་རྒྱུས་ལོན་ཡང་དག་བྱེད་པ། སྐྱེ་ཁམས་སྔོན་ལ་འཛིན་པའི་འདུ་ཤེས་དེ་འགུལ་སྐྱོད་སྟེང་དོན་འཁྱོལ་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཕྱོགས་ནས་བྱེད་ཐབས་གསར་པ་ཡོད་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་དོན་ཆེན་དུ་བརྩི་བ་དང་ཡོམ་འགོག་རྒུད་སྐྱོང་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་འགུལ་སྐྱོད་དངོས་སུ་བརྩིས་ཏེ་ཡོམ་འགོག་རྒུད་སྐྱོང་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི་ཀྲུང་ཧྭའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་ལག་རྡང་སྦྲེལ་ཞིང་གཅིག་སེམས་གཅིག་ལ་གཏད་དེ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་སྐྱོར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་དུས་རབས་གསར་པའི་བདེན་ལུགས་རྒྱུན་འཁྱོངས་བྱས་ནས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས་བྱ་བར་འཆར་འགོད་བྱེད་པ་དང“རི་བོ་གཉིས”ཀྱི་ཚུལ་སྒྱུར་བགྲོད་ལམ་རྒྱ་བསྐྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་དེ་དམངས་ཕྱུག་ཐོན་ལས་སུ་འགྱུར་བར་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་བྱེད་པ་དེ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ནས་དོ་དམ་ནན་མོ་བྱེད་པའི་ཁྲོད་སྒྲིག་སྲོལ་ལམ་ལུགས་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས། བརྩེ་སེམས་འབུལ་བའི་ཁྲོད་ལས་བྱེད་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་མ་བཏང་སྟེ་རྩ་འཛུགས་ཀྱིས་ལས་བྱེད་པར་འགན་ཁུར་བ་དང་གོང་རིམ་གྱིས་འོག་རིམ་ལ་འགན་ཁུར་བ། ལས་བྱེད་པས་ལས་དོན་ལ་འགན་ཁུར་བ་བཅས་བྱས་ནས་བྱ་བ་ནན་མོར་སྒྲུབ་པའི་ལས་བྱེད་པ་གཟེངས་སུ་ཐོན་པར་བྱེད་དགོས་ཟེར།

ཀྲུའུ་ཞང་ཧྥིན་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།