མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ།

  2024-01-25 09:12:42 

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ།

(2024ལོའི་ཟླ1པོའི་ཚེས23ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གྲོས་ཚོགས་སྟེང་གྲོས་འཆམ་བྱུང)

གཅིག མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

གཉིས། མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ་དང་ཆོག་མཆན་འགོད་རྒྱུ།  2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིར་ཆོག་མཆན་འགོད་རྒྱུ།

གསུམ། མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱ་རྒྱུ་དང་ཆོག་མཆན་འགོད་རྒྱུ།  མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུ།

བཞི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

ལྔ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

དྲུག མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

བདུན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ།

བརྒྱད། འདེམ་བསྐོ།

དགུ། གཞན་དག་བཅས་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།