ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ།
ཟླ1པོའི་ཚེས23ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།
ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པའི་བྱེད་པའི་ཚོགས་ར་རུ་ཨུ་ཡོན་རྣམས་ཀྱིས་རང་འགུལ་སྒོས་གཏམ་བཤད་དེ། ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་བྱས། ཁོ་ཚོས་སྙན་ཞུ་གཉིས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་སེམས་ཤུགས་ཆེ་རུ་བསྐྱེད་བྱུང་ལ། ཞིང་ཆེན་སྲིད་གྲོས་ཀྱི་འདས་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་སྤྱི་སྡོམ་བྱས་པ་ལུགས་མཐུན་ཆ་ཚང་དང་དངོས་ཐོག་བདེན་འཚོལ་ཡིན་པ་དང་། ད་ལོའི་བྱ་བའི་བཀོད་སྒྲིག་གི་ལས་འགན་དང་དམིགས་འབེན་གསལ་ཞིང་གཙོ་གནད་འབུར་དུ་ཐོན་ཡོད་པས་རྗེས་ཕྱོགས་ཨུ་ཡོན་རྣམས་ཀྱིས་འགན་སྒྲུབ་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་སོང་ཟེར། ཚང་མས་གཅིག་གྱུར་སྒོས་བལྟས་ན། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བྱ་བ་ཁག་སོ་སོར་གྲུབ་འབྲས་གསར་བ་བླངས་ནས ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་བཞག་ཡོད་པར་འདོད།
ཉིས་སྟོང་ཉེར་བཞི་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པར་མ་ཟད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས་སྲིད་གྲོས་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ་དང་ཞིབ་འཇུག་བརྡར་གཅོད་ཀྱི་ནུས་པ། མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ནུས་པ། མཉམ་ལས་མཉམ་གྲོས་ཀྱི་ནུས་པ་བཅས་མུ་མཐུད་མཐོར་འདེགས་སུ་བཏང་ནས་རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ་དང་ཞིང་ཆེན་གྱི་དོན་ཆེན་ཡིད་ལ་འཛིན་པ། མང་ཚོགས་ཀྱི་དོ་ཁུར་སེམས་སུ་ཉར་ནས་མགོ་རྩོམ་ས་ཡང་དག་པར་བཙལ་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་འགན་སྒྲུབ་འགན་བསྟར་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་ཞབས་ཞུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།