ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དོན་དགུ་ཡོད་པ་དང་། ཁོངས་མི་དོན་ལྔ་ཚོགས་འདུར་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་བསྡོམས་པས་གྲོས་རིམ་དྲུག་ཡོད་དེ།
གཅིག ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམ་སྒྲུག་བྱ་རྒྱུ།
གཉིས། གྲོས་ཚོགས་ཀྱི་ཉིན་རིམ་གཏན་འཁེལ་བྱ་རྒྱུ།
གསུམ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམ་སྒྲུག་བྱ་རྒྱུ།
བཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་གཏན་འཁེལ་བྱ་རྒྱུ།
ལྔ། གྲོས་གཞི་བརྡས་གཅོད་བྱེད་ཐབས(འཆར་ཟིན)ལ་གྲོས་འཆམ་འབྱུང་རྒྱུ།
དྲུག འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་གཏན་འཁེལ་བྱ་རྒྱུ་བཅས་རེད།
གྲོས་ཚོགས་ནས་གོང་གི་གྲོས་རིམ་དྲུག་པོར་རིམ་པ་བཞིན་གྲོས་འཆམ་བྱུང་།