མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་བསྡུས་པ།
ཟླ1པོའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དབྱང་ཧྥ་སིན་གྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཡིས་མགོ་འཛིན་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་པ། གཞི་གཅིག་སྒོས་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། བདེ་འཇགས་གཏན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཆེད་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་ཕྱོགས་ཡོངས་ནས་ཞིང་ཆེན་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་བསྒྱུར་ནས། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བར་འགན་སྲུང་བྱ་དགོས།
ཚོགས་ཐོག་ནས། མཚོ་སྔོན་སྐྱོང་བ་དང་སྲིད་འཛིན་པའི་ལས་དོན་སྣ་ཚོགས་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཁྲོད་འཇུག་པ་དང་། ཁྲིམས་སྐྱོང་གིས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་སྔོན་རྩིས་བརྟན་འཇགས་སུ་གཏོང་བ། ཡུན་རིང་ལ་ཕན་འདོགས་པའི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ལ་འགན་སྲུང་བྱས་ཏེ། ཁྲིམས་འཛུགས་ཁྲོད་ཀྱི་མི་འཚམ་པ་དང་མཐུན་སྦྱོར་མིན་པ། སྦྲེལ་མཐུད་བྱེད་མི་ཐུབ་པ། གཅིག་མཐུན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་དགོས། ཁྲིམས་འཛིན་ནན་མོ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་བྱེད་པ། འགན་འཁྲིའི་གསལ་ཁྲ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྒྱིད་ལུག་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། འདྲ་མཉམ་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཁྲིམས་འཛིན་འདྲ་མཉམ་ལ་གནོད་བྱེད་པའི་རིམ་མཐོའི་འགལ་རྩོད་དང་གནད་དོན་ཐག་གཅོད་ནན་མོ་བྱེད་དགོས། དམངས་ཡོངས་ཀྱི་ཁྲིམས་སྲུང་བར་སྐུལ་འདེད་གཏོང་བ་དང་། སུས་ཁྲིམས་འཛིན་ན་སུས་བཅའ་ཁྲིམས་ཁྱབ་གདལ་བྱེད་པའི་འགན་འཁྲི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྲིམས་བཤད་ཀྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ། ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས། འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཆེད་དོན་ཁྲིམས་བཤད་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ཐད་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།