མཚོ་ཤར་གྲོང་ཁྱེར་གྱིས་སྟོབས་ལྡན་ནུས་ཡོད་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་ལ་བརྟེན་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་སྐུལ་འདེད་གཏོང་རྒྱུ་རེད།
ཟླ1པོའི་ཚེས8ཉིན། གསར་འགོད་པས་མཚོ་ཤར་གནོད་ཁུལ་གྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་བཀོད་འདོམས་པུའུ་སྒྲིག་ཁྲིམས་སྤྱོད་ཚུལ་ཚན་ཆུང་གིས་བསྡུས་པའི་བྱ་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་ལས་དོན་མང་བ་དང་ལས་འགན་ལྕི་བར་དམིགས་ནས་མཚོ་ཤར་གྲོང་ཁྱེར་གྱིས་སྔར་ལས་སྟོབས་ལྡན་ནུས་ཡོད་ཀྱིས་སྒྲིག་ཁྲིམས་སྤྱོད་ཚུལ་ལ་བརྟེན་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་ལྟ་སྐུལ་འགན་སྲུང་དང་སྐུལ་འདེད་གཏོང་རྒྱུ་རེད།
མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་སྤྱོད་ཚུལ་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོ་དང་འབྲེལ་ཡོད་མི་སྣས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་པ་དང་སྒྲིག་ཁྲིམས་སྤྱོད་ཚུལ་བྱ་བ་དམ་འཛིན་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་རང་འགུལ་ངང་བཀོད་འདོམས་པུའུ་ཡི་བྱ་བའི་ཚན་ཆུང་གཞན་པ་དང་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་སྒྲིག་ཁྲིམས་སྤྱོད་ཚུལ་གྱི་ལྟ་སྐུལ་ལ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས་པ་དང་། ཉིན་རེའི་བྱ་བའི་གནས་ཚུལ་ལེགས་སྒྲིག་བྱས་ཏེ་གོང་རིམ་ལ་ཡར་ཞུ་བྱེད་པ་དང་དོན་དག་གལ་ཆེན་དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་ཞུ་བར་མ་ཟད། ཟླ་རེའི་གྲོས་མོལ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། བཀོད་འདོམས་པུའུ་ཡིས་སྤྲད་པའི་བྲེལ་མྱུར་དོན་དག་སོགས་ལ་དུས་ཐོག་ཏུ་ཨ་ལན་སྟེར་བ་དང་རྗེས་འདེད་བྱས་ནས་བཟང་བོར་བསྒྲུབ་རྒྱུ་མ་ཟད། བྱ་བའི་ཇུས་གཞི་དང་བླང་བྱ་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་ནས་རྒྱུན་རྣམ་ཅན་གྱིས་མང་ཚོགས་ཁྲོད་དུ་ཟབ་ཞུགས་དང་སྡེ་བ་དང་གཞིས་ཁུལ་གྱི་བདེ་འགོད་ས་ཚིགས་སུ་འགྲོ་བ་བཅས་བྱེད་རྒྱུ་རེད།
དེ་དང་མཉམ་དུ། ཁོངས་གཏོགས་སྡེ་ཁག་སོ་སོས་སླར་གསོ་བསྐྱར་འཛུགས་བྱ་བའི་ཁྲོད་ཀྱི་ཐག་གཅོད་དགོས་པའི་གནད་དོན་ལ་དམིགས་ནས་རང་སྡེ་ཁག་གི་འགན་ནུས་དང་ཟུང་འབྲེལ་གྱིས་བྱ་བའི་ཇུས་གཞི་དང་བྱ་བའི་འཆར་གཞི་ཚན་རིག་ལྟར་གཏན་འཁེལ་བྱེད་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་མཐུན་སྦྱོར་བྱེད་དགོས། རྩ་འཛུགས་སྡེ་ཁག་གིས་འཐབ་ཕྱོགས་དང་པོ་ནས་ལས་བྱེད་པར་ལྟ་ཞིབ་དང་ལས་བྱེད་པར་སྦྱོང་བརྡར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་བློ་བརྟན་འགྱུར་མེད་ངང་སླར་གསོ་བསྐྱར་འཛུགས་བྱ་བའི་ཁྲོད་ཀྱི་སྤྱོད་ཚུལ་བཞིའི་གནད་དོན་བཅོས་སྒྲིག་བྱེད་པ་དང་། དེའི་ཁྲོད་རྙེད་པའི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཡོམ་འགོག་རོགས་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་སློབ་སྦྱོང་བཀོལ་སྤྱོད་ལ་ཤུགས་བསྣན་ནས་གནོད་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་སོ་སོ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་བར་འགན་སྲུང་བྱེད་དགོས།