མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་སོགས་ལམ་ལུགས་ཀྱི་ཡིག་ཆ་གཏན་ལ་ཕབ།

  2024-01-11 15:55:31 

ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་སོགས་འབྲེལ་ཡོད་ལམ་ལུགས་ཀྱི་ཡིག་ཆ་གཏན་ལ་ཕབ་ནས་བཏོན་པ།

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་དབང་ཆའི་ཚད་གཞིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་ནགས་ལས་དང་རྩྭ་ས་གཙོ་གཉེར་སྡེ་ཁག་ལ་མཛུབ་སྟོན་བྱས་ཏེ་ཁྲིམས་མཐུན་དང་ཚད་ལྡན། འདྲ་མཉམ་དང་དྲང་གཞག་གིས་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་དབང་ཆ་ལག་བསྟར་བྱས་ནས། ཚོང་གཉེར་པ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོབ་བྱ་ཆེད།   མིག་སྔར། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་དབང་ཆ་ལག་བསྟར་བྱེད་ཐབས་དང་། 2023ལོའི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་ཚད་གཞི་དང་། 2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཕྱོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆུང་ལ་ཆད་པ་མི་གཅོད་པའི་བྱ་བ་ཁག་གི་རྩིས་ཐོ་བཅས་གཏན་ལ་ཕབ་ནས་འགྲེམ་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་དབང་ཆ་ལག་བསྟར་བྱེད་ཐབས་ལ་དོན་ཚན་ཁག་ཉི་ཤུ་ཡོད་དེ། ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་དབང་ཆ་ལག་བསྟར་བྱེད་སྐབས་བརྩི་སྲུང་བྱ་དགོས་པའི་རྩ་དོན་དང་། ཁྲིམས་ལྟར་སྲིད་འཛིན་ཆད་པ་མི་གཅོད་པ། སྲིད་འཛིན་ཆད་པ་ཇེ་ཡང་དུ་གཏོང་བ། ཆད་པ་ཇེ་ལྗིད་ལ་གཏོང་བ་བཅས་གནས་ཚུལ་རིགས་འགའི་བེད་སྤྱོད་ཆ་རྐྱེན་དང་དོ་བདག་གིས་བདེན་དཔང་ལ་ཉན་པའི་དབང་ཆ། སྲིད་འཛིན་ཆད་གཅོད་ལག་བསྟར་ལས་ཁུངས་ཀྱི་འགན་འཁྲི་སོགས་ནང་དོན་གཏན་ཁེལ་གསལ་བོ་བྱས་ནས། ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ནགས་རྩྭའི་ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱས།

2023ལོའི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲུན་གཅོད་དབང་ཆའི་ཚད་གཞིར་དོན་ཚན་རིགས་ཆེ་བ་བཅུ་དང་ནང་དོན་ཁག103ཡོད་དེ།   དེའི་ཁྲོད་ནགས་ཚལ་ཐོན་ཁུངས་དོ་དམ་གྱི་སྐོར་དགུ་དང་། ནགས་ཚལ་གྱི་སྐོར་དྲུག བརླན་སའི་སྐོར་བཅོ་ལྔ། བྱེ་འགོག་བྱེ་བཅོས་ཀྱི་སྐོར་གཉིས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྐོར་བཅོ་ལྔ།འདེབས་འཛུགས་ས་བོན་གྱི་སྐོར་བཅུ་དགུ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་པའི་སྐོར་བཅོ་ལྔ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐོར་བཅུ་གསུམ། རྩི་ཤིང་རིགས་གསར་བའི་སྐོར་གསུམ། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས་དང་ནད་བརྟག་གི་སྐོར་དྲུག་བཅས་འདུས། དེ་གཙོ་བོ་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས་ལ་བརྟེན་ནས་ཆད་གཅོད་ཀྱི་གཞི་འཛིན་ས་དང་། ཁྲུན་གཅོད་རིམ་པ། བེད་སྤྱོད་གནས་ཚུལ། ཁྲུན་གཅོད་ཚད་གཞི། ཁྲིམས་ཆད་འབྲེལ་མཐུད་སོགས་ཕྱོགས་ལྔ་ནས་ཞིབ་ཕྲར་བཟོས།

2023ལོའི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་སའི་སྲིད་འཛིན་ཆད་གཅོད་ཕྱོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཆུང་ཤོས་ལ་ཆད་པ་མི་གཅོད་པའི་ལས་དོན་ཁག་གི་རྩིས་ཐོར་དོན་ཚན་དགུ་ཡོད་དེ། དེའི་ཁྲོད་ནགས་ཚལ་ཐོན་ཁུངས་དོ་དམ་གྱི་སྐོར་གསུམ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་ཀྱི་སྐོར་གཉིས། འདེབས་འཛུགས་ས་བོན་གྱི་སྐོར་གཉིས། རླན་སའི་སྐོར་གཅིག རྩི་ཤིང་རིགས་གསར་པའི་སྐོར་གཅིག་བཅས་འདུས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།