མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བའི་སྐུལ་སློང་གྲོས་ཚོགས་བསྡུས་པ།

  2024-01-05 14:55:33 

མཚོ་སྔོན་ཞིང་ཆེན་གྱི་འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས་པ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟླ1པོའི་ཚེས3ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕྲིན་བཅར་བྱ་བའི་སྲོལ་ཡིག་དོན་འཁྱོལ་ནན་མོ་བྱེད་པ། འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བའི་རྒྱལ་ཡོངས་བརྙན་རིས་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། རང་ཞིང་གི་འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡས་མགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་རྒྱུ་དེ་བཟོ་སྐྲུན་གཙོ་བོར་བརྩིས་ནས་དམ་འཛིན་བྱེད་པ་དང་ཕན་ལྡན་སྒོས་སྤེལ་དགོས། གོང་འོག་གཞི་གཅིག་ཟུང་འབྲེལ་དང་གཡས་གཡོན་ཕན་ཚུན་སྦྲེལ་མཐུད་བྱེད་པའི་བྱ་བའི་སྐུལ་སྤེལ་མ་ལག་འཛུགས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་རིམ་པ་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། མཉམ་དུ་ཤུགས་འདོན་པར་སྐུལ་འདེད་གཏོང་དགོས། གོ་རིམ་དྲང་བདེན་དང་དངོས་ཕུང་དྲང་བདེན་ལ་བརྟེན་ནས་ཁྲིམས་སྐྱོང་ཅན་ལྔའི་རེ་བ་དོན་འཁྱོལ་ནན་མོ་བྱེད་པ་དང་། འཕྲིན་བཅར་གྱི་ལམ་ཐིག་རེའུ་མིག་གཞིར་བཟུང་ནས་སྒྲུབ་བཅར་གོ་རིམ་ཚད་ལྡན་དུ་བསྒྱུར་བ། ཞུ་གཏུག་དབྱེ་འབྱེད་རྒྱུན་འཁྱོངས་བྱེད་པ། སྔོན་འགོག་དང་དང་ལེན། ལས་སྒྲུབ། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད། སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་ལྔ་ཅན་མཉམ་འབྲེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། འགན་འཁྲི་ལག་བསྟར་དང་འགན་འཁྲི་རྩད་གཅོད། རྩ་ལག་མཉམ་བཅོས་གཅིག་གྱུར་བྱེད་པ་དང་། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་དར་སྤེལ་གཏོང་བ། རང་འགུལ་གྱིས་ཞུ་གཏུག་དང་ལེན་བྱེད་པ། ཕྱོགས་གཉིས་ཚད་ལྡན་ལག་བསྟར་བྱས་ཏེ།  རིགས་མི་འདྲ་བའི་ལྟ་སྐུལ་སྣ་ཚོགས་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ད་ལོའི་བྱ་བར་འཆར་འགོད་ནན་མོ་བྱེད་པ། ཆ་འཕྲིན་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། བསྡོམས་རྩིས་ཁྱབ་བསྒྲགས་དང་ཞིབ་དཔྱད་ལེགས་སྒྱུར་བྱེད་པ། རྩ་གནད་དུ་བཟུང་ནས་འཕྲིན་བཅར་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས། རིམ་པ་སོ་སོའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་འཕྲིན་བཅར་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ལས་འགན་གཙོ་བོ་ལག་བསྟར་ནན་མོ་བྱེད་པ། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ནུས་ཤུགས་ཡོད་རྒུས་འཕྲིན་བཅར་སྒྲིག་ལམ་སྲུང་སྐྱོབ་བྱས་ཏེ། ཞིང་ཆེན་ཡོངས་རྒྱུན་མཐུད་ངང་བདེ་འཇགས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།