ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་སྣོན་པའི་ཚོགས་འདུ་བསྡུས་པ།
ཟླ11པའི་ཚེས30ཉིན། ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་སྣོན་པའི་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་གྱི་འགོ་ཁྲིད་ལིས་ཧུང་ཡ་ཡིས་འགོ་འཛིན་བྱས། ཀྲང་ཙིག་ཅུན་དང་ཀྲ་ཆིན་ཅིག་ཚོགས་འདུར་ཞུགས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་འགལ་བ་དང་རྩོད་གཞི་འགོག་སེལ་བྱེད་པའི་ཁྲོད་ཀྱི་དངོས་ཡོད་བཀོལ་སྤྱོད་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། བློ་མཐུན་མའོ་ཙེ་ཏུང་གི་ཧྥིན་ཆའོ་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་ཁྱབ་གདལ་དུ་གཏོང་བའི་མཆན་བཀོད་མཛུབ་སྟོན་གནང་ནས་ལོ་འཁོར་དྲུག་ཅུ་ལོན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་གནང་ནས་ལོ་འཁོར་ཉི་ཤུ་ལོན་པར་རྗེས་དྲན་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འགལ་བ་དང་རྩོད་གཞི་འགོག་སེལ་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།
ཚོགས་འདུ་ལས་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་གི་ཚན་རིག་གི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུའི་བླང་བྱ་སྣེ་ཁྲིད་དུ་བྱེད་པ། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་གི་མཚོ་སྔོན་གྱི་ལག་ལེན་གསར་པ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་སྣ་སོ་སོ་ནས་ཐག་གཅོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་ཁྲིམས་སྐྱོང་གིས་བཅོས་སྐྱོང་བྱ་རྒྱུ་དམ་འཛིན་དང་། འགལ་ཟླ་དང་རྩོད་གཞིའི་དངོས་ཚན་སྟེགས་བུ་ཇེ་ལེགས་སུ་གཏོང་བ། འགལ་ཟླ་དང་རྩོད་གཞིའི་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས།“སྔོན་འགོག་སྔོན་ལ་བྱེད་པ་དང་། འདུམ་སྒྲིག་སྔོན་ལ་བྱེད་པ། ཁྲིམས་སྐྱོང་བཀོལ་སྤྱོད་བྱེད་པ། རང་ས་གནས་སུ་ཐག་གཅོད་བྱེད་པ”བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྐབས་སུ། ཚོགས་ཞུགས་མི་སྣ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མདའ་བཞི་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་རྒྱལ་ཡོངས་ཀྱི་ཧྥིན་ཆའོ་ལུགས་ཀྱི་བྱ་བའི་བྱེད་ཐབས་ནང་བདམས་པའི་གསེར་ཐང་ཡུལ་ཚོའི་འགལ་བ་དང་རྩོད་གཞི“ཆུང་གྲས་དྲུག”ཐག་གཅོད་བྱེད་ཐབས་ལ་ལྟ་སྦྱོང་བྱས།