མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་གྱོད་དོན་སྒྲུབ་ཏུ་བཅུག་པའི་གནས་ཚུལ་ཐད་ཀྱི་གྲོས་ཚོགས་བསྡུས།

  2023-12-01 15:48:13 

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གྱོད་དོན་སྒྲུབ་པའི་གནས་ཚུལ་ཐད་ཀྱི་ཆེད་དོན་བཀོད་གཏོང་བརྙན་རིས་གྲོས་ཚོགས་བསྡུས་པ།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྤྲད་དེ་བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གྱོད་དོན་སྒྲུབ་པའི་གནས་ཚུལ་ཐད་ཀྱི་ཆེད་དོན་བཀོད་གཏོང་བརྙན་རིས་གྲོས་ཚོགས་ཟླ11པའི་ཚེས29ཉིན་བསྡུས། ཚོགས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་དེ་བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གྱོད་དོན་སྒྲུབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འཕྲིན་བཅར་ཞུ་གཏུག་གྱོད་དོན་བསྒྲུབ་པའི་གནས་ཚུལ་ལ་བཀོད་གཏོང་བྱས་ལ། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གི་འཕྲིན་བཅར་ཞུ་གཏུག་གྱོད་དོན་འབྱོར་རྗེས། ས་ཁུལ་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱས་པ་དང་། རྣམ་འགྱུར་སྟེང་འགན་ནན་མོ་འཁུར་ལ། བྱ་སྤྱོད་སྟེང་ནས་མགྱོགས་ཤིང་ནུས་ཤུགས་ལྡན་པར་བྱས། གྲོང་ཁྱེར་དང་རྫོང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་སྲིད་འགན་ཁུར་བློ་མཐུན་གྱིས་དངོས་སུ་གཙོ་འགན་ཁུར་ནས། དུས་ཚོད་དང་པོའི་ནང་རུ་ཁག་ཁྲིད་དེ་གནད་དོན་ཡོད་སའི་ཡུལ་དངོས་སུ་སོང་ནས་ལྟ་སྐུལ་བྱས་པ་དང་། ཧུར་ཐག་གིས་འཕྲིན་བཅར་གནད་དོན་ཐག་བཅད་པས། སྤྱིའི་ཆ་ནས་མགོ་བཟང་བོ་བརྩམས་པ་དང་བདེ་བླག་ངང་ལེགས་འགྲུབ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་མངོན་སུམ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། གནད་དོན་གཙོ་བོའི་དག་ཐེར་ལེགས་བཅོས་གཙིགས་སུ་བཟུང་ནས། གྱོད་དོན་རེ་རེར་ཕྱིར་ལན་ཡོད་པ་དང་གྱོད་དོན་རེ་རེ་བཟང་བོར་བསྒྲུབ་པའི་བྱ་བའི་དམིགས་འབེན་བརྟན་སྲུང་བྱེད་དགོས། དམ་འཛིན་ལྷོད་མེད་བྱེད་པ་དང་། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ཀྱི་མཐའ་སྐྱོང་ནུས་པ་འདོན་སྤེལ་བྱས་ཏེ། ལྟ་སྐུལ་བྱེད་ཐུབ་པ་དང་ཞིབ་བཤེར་བྱེད་ཤེས་པ་དང་། ལྟ་ཞིབ་ཞིབ་བཤེར་ནན་མོ་བྱེད་པ། ལྟ་སྐུལ་བྱེད་ཕོད་པ་དང་ཞིབ་བཤེར་ནན་མོ་བྱེད་དགོས། ཆེད་དོན་ཚན་ཆུང་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས། བྱ་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། དུས་ཐོག་ཏུ་རྗེས་འདེད་ཕྱིར་བཅར་བྱས་ཏེ། མང་ཚོགས་ཡིད་ཚིམ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དང་ཁོངས་གཏོགས་སྡེ་ཁག་གི་ཐག་གཅོད་འགན་འཁྲི། ཁོངས་གཏོགས་སྡེ་ཁག་གི་མཉམ་ལས་འགན་འཁྲི། འཕྲིན་བཅར་སྡེ་ཁག་གི་ལྟ་སྐུལ་མཛུབ་སྟོན་འགན་འཁྲི་གཏན་ཁེལ་སྔར་ལས་གསལ་བོ་བྱེད་པ་དང་། ཆེད་དོན་ཚན་ཆུང་སོ་སོས་རང་འགན་གཞན་དཀྲི་མི་བྱེད་པ་དང་འགན་སྒྲུབ་བཟང་བོ་བྱས་ནས། ཏན་ཏན་ཏིག་ཏིག་གིས་གྱོད་དོན་སྒྲུབ་པའི་གྲུབ་འབྲས་ཀྱིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པར་ཕྱིར་ལན་འདེབས་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།