མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་གྱོད་དོན36སྤྲད།

  2023-11-28 17:59:33 

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ལྔ་པའི་སྐྱེ་ཁམས་ཁོར་ཡུག་གི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་སོ་དྲུག་སྤྲད་དེ་བསྒྲུབ་ཏུ་བཅུག

ཟླ11པའི་ཚེས27ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ལྔ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་བསྡོམས་པས་སོ་དྲུག་སྤྲད་དེ་བསྒྲུབ་ཏུ་བཅུག དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་དྲུག་ལ་འབྲེལ་ཡོད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གྱོད་དོན་ཉེར་གསུམ་དང་། མཚོ་ཤར་གྲོང་ཁྱེར་དུ་གྱོད་དོན་དྲུག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན་གཉིས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན་གཅིག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན་གཉིས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན་གཉིས་བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་འཛེར་སྒྲའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན་བཅུ་དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གྱོད་དོན་དགུ། རླུང་ཁམས་ཆེན་མོའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན་བདུན། ཆུའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན་གཉིས། ས་གཤིས་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན་དྲུག གཞན་པའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན་གཉིས་བཅས་ཡོད། མིག་སྔར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་ལྔ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།