ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐྱེ་ཁམས་ཁོར་ཡུག་གི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན32སྤྲད་དེ་བསྒྲུབ་ཏུ་བཅུག
ཟླ11པའི་ཚེས23ཉིན་ནས་ཚེས24ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་སོ་སོར་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་དང་པོ་དང་གཉིས་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན32སྤྲད་དེ་བསྒྲུབ་ཏུ་བཅུག དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ5ལ་འབྲེལ་ཡོད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གྱོད་དོན21དང་། མཚོ་ཤར་གྲོང་ཁྱེར་དུ་གྱོད་དོན5། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་དོན་རྐྱེན4། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན1། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན1བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་འཛེར་སྒྲའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན6དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གྱོད་དོན6། རླུང་ཁམས་ཆེན་མོའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན6། ཆུའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན5། འགྱེད་འཕྲོའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན1། ས་གཤིས་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན5། གཞན་པའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན3བཅས་ཡོད། མིག་སྔར་བར་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་གཉིས་ཀྱི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་པའི་སྒང་ཡིན། །
རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།