ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས"5.30"རྒྱལ་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།
ཉེ་སྔོན། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་གཞི3ཐག་གཅོད་བྱས་ཤིང་། མགོ་སྐོར་ཐེབས་པའི་མ་དངུལ་ཁག་ཅིག་གིས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་བཟོས། 2023ལོའི་ཟླ11པའི་ཚེས15ཉིན། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་གཞིའི་མ་དངུལ་ཕྱིར་སློག་པའི་མཛད་སྒོ་བསྡུས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས3ལ་མགོ་སྐོར་ཐེབས་པའི་མ་དངུལ་སྒོར104342ཕྱིར་སློག་བྱས་པ་དང་། ཁོ་ཚོར་སེམས་འགུལ་ཚད་མེད་ཐེབས་ནས་རང་ཉིད་ཀྱིས་ད་ཐེངས་ཀྱི་གྱོད་གཞི་བསླབ་བྱར་བླངས་ཏེ། ཉེ་འགྲམ་གྱི་གྲོགས་པོར་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་དོགས་ཟོན་བྱས་ནས། རང་ཉིད་ཀྱིས་དཀའ་སྡུག་མྱངས་ནས་བསགས་པའི་རྒྱུ་ནོར་ལ་དོ་དམ་བཟང་པོ་བྱེད་དགོས་པའི་སྐུལ་སློང་བྱ་རྒྱུ་ཡིན་ཟེར།