ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། ས་ཁུལ་སོ་སོས་ཚན་རིག་ལྟར་འཆར་འགོད་དང་གཅིག་གྱུར་བཀོད་སྒྲིག རིགས་བགར་མཛུབ་སྟོན་བཅས་རྒྱུན་འཁྱོངས་བྱས་ཏེ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟུབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཧི་པེ་ཞིང་ཆེན་གྱིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། མ་ལག་རང་སྦྱོང་དང་ཞིབ་ཀློག་ཞིབ་སྡུར། དཔེ་ཀློག་འཛིན་གྲྭ་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། དགོངས་པ་རྟོགས་པར་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་པ་དང་། བསམ་གཞིགས་མང་བོ་གཏོང་བ་དང་སློབ་སྦྱོང་ཟབ་མོ་བྱས་ཏེ་རྒྱུན་ལོན་ཡང་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱས།
ལེའོ་ཉིང་གིས་རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་རྒྱུ་དེ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་པ་དང་། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོ། ཚོགས་པ་སོ་སོ། ས་ཁུལ་སོ་སོའི་ཁྱད་ཆོས་དང་དོན་དངོས་ལྟར་དམིགས་འབེན་ལས་འགན་ལ་དམིགས་ནས་བཀོད་སྒྲིག་ཞིབ་ཚགས་དང་འཆར་འགོད་བཟང་བོ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བཟང་བོ་བྱས།
ཡུན་ནན་གྱིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་དུ་དམིགས་ནས་དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་སོགས་བརྒྱུད་དེ་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས། ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཁུལ་གྱིས་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་བརྗོད་དོན་ཏང་གི་ཉིན་མོ་སོགས་ལ་བརྟེན་ནས་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།