སྐོར་ཐེངས་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་ཁུལ་གྱི་ཏང་ཡོན་གྱི་གཞུང་ལུགས་སློབ་སྦྱོང་དམ་འཛིན་བྱེད་པ་བྱེད་ཐབས་སུ་བྱས་ནས། བརྗོད་དོན་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
རོང་འབྲོག་ཏང་ཡོན་གྱི་ཁྱད་ཆོས་ལ་ཁ་གཏད་དེ། མགོ་ལོག་ཁུལ་གྱིས་གཅིག་བསྡུས་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་། ཏང་གི་སློབ་ཁྲིད་བྱེད་པ་དང་ཆེད་མཁས་པའི་ཟུར་ཁྲིད་བྱེད་པ། ཡུལ་དངོས་ནས་ལྟ་སྐོར་བྱེད་པ་དང་ཡུལ་དངོས་ནས་ཉམས་ལེན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། རོང་འབྲོག་ཏང་ཡོན་གྱིས་རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་རང་འགུལ་གྱིས་བསླབ་བྱ་དང་ལེན་བྱེད་པར་སྐུལ་འདེད་བཏང་བ་དང་། གཞུང་ལུགས་སློབ་སྦྱོང་གི་ལག་བསྟར་བྱེད་ཐབས་བཟང་བ་དང་རྣམ་པ་མང་བ། གྲུབ་འབྲས་བཟང་བར་ཁག་ཐེག་བྱས། སློབ་སྦྱོང་བྱེད་ཡུལ་ཐད་ནས། རོང་འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་ཀྱི་གནས་ངེས་གཏན་མིན་པ་དང་སྡོད་ས་ཐག་རིང་བ། ཕྱོགས་བསྡུས་བྱང་ཚད་དོ་མཉམ་མིན་པ་སོགས་ཀྱི་གནས་ཚུལ་དངོས་ལ་ཁ་གཏད་དེ། ཁུལ་ཡོངས་ཀྱི་རོང་འབྲོག་ཏང་ཡོན་གྱི་ཁ་གྲངས་དང་ས་ཁོངས་ཁྱབ་ཚུལ། སྐད་གཉིས་བྱང་ཆུབ་ཚད་སོགས་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་བཤེར་གསལ་བོ་བྱས་ནས། སློབ་སྦྱོང་ཐད་ནས་ཆད་ལུས་མེད་པར་ཁག་ཐེག་བྱས། ཐེངས་འདིའི་བརྗོད་དོན་སློབ་གསོ་ཐད་ནས་ཡུལ་ཚོ་དང་གྲོང་རྡལ་ཞེ་བཞི་དང་སྲིད་འཛིན་སྡེ་བ་ཉིས་བརྒྱ་དང་དྲུག་གི་འབྲོག་དམངས་ཏང་ཡོན་སྟོང་ལྔ་བརྒྱ་དང་ང་གསུམ་ལ་ཁེབས་པར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་བཏུས་བསྒྲིགས། ཞི་ཅིན་ཕིང་གི་བརྩམས་ཆོས་འདེམ་ཀློག་བཅས་ཀྱི་མི་རིགས་སྐད་ཡིག་གི་དཔེ་ཆ་ཁྲི་གཅིག་དང་སྟོང་གཉིས་བརྒྱ་དང་སོ་ལྔ་ཉོ་སྡུད་བྱས་པ་དང་། ཉིན་རྒྱུན་དང་ལོ་ཧྲིལ་བོའི་དཔྱད་ཞིབ་ལ་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་ཞིབ་བཤེར་བྱེད་པར་སྐུལ་འདེད་བཏང་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་རོང་འབྲོག་ཏང་ཡོན་གྱི་ཉིན་རྒྱུན་རང་བཞིན་གྱི་སློབ་སྦྱོང་དང་བྱ་བ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་།
དེ་དང་མཉམ་དུ། ཡུལ་ཚོ་དང་གྲོང་རྡལ་ཞེ་བཞིའི་སྐོར་སྐྱོད་ཏང་གི་སློབ་གྲྭ་གཙོ་གཞི་རུ་བྱས་པའི་ཏང་ཡོན་སློབ་གསོའི་རྟེན་གཞི་ལ་ཟུང་འབྲེལ་བྱས་ནས། རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དྲིལ་སྒྲོག་སློབ་ཁྲིད་དང་ཉེ་འགྲམ་གྱི་གསར་བརྗེའི་ཐོན་ཁུངས་ཀྱི་ཡུལ་དངོས་སློབ་ཁྲིད། སྨྱན་བྱད་སྟེགས་བུས་སློབ་སྦྱོང་ལ་སྐུལ་བ། གྲོང་གསེབ་ཀྱི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ། སྡེ་སྡོད་ལས་བྱེད་པ་ཁྱིམ་ཚང་དུ་སོང་ནས་སློབ་ཁྲིད་བྱེད་པ། སྡེ་བའི་ལས་བྱེད་པ་ཁྱིམ་དུ་སོང་ནས་ཟུར་ཁྲིད་བྱེད་པ། རོང་འབྲོག་ཏང་ཡོན་སློབ་སྦྱོང་ལ་དགའ་བའི་ཞབས་ཞུའི་སློབ་ཁྲིད་ཆ་ཚང་ཕྱིར་བཏོན་པ་དང་། རྟ་ཐོག་སྒྲོག་འགྲེལ་ཚོགས་པ་དང་སྦྲ་གུར་ཏང་ཀྲི་པུའུ། དར་དམར་རུ་ཁག་ཆུང་བ། སྐོར་སྐྱོད་ཏང་གི་སློབ་གྲྭ་སོགས་ཡུལ་དངོས་དྲིལ་སྒྲོག་འདྲེན་བྱེད་བཀོལ་སྤྱོད་བྱས་ནས། སློབ་སྦྱོང་གསོན་ཤུགས་ལྡན་པར་བྱས་པ་དང་། ཏང་ཡོན་གྱིས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ལ། སློབ་སྦྱོང་སྡེ་བ་རུ་ཐོན་པར་ཁག་ཐེག་བྱས།
མིག་སྔར། མགོ་ལོག་ཁུལ་གྱི་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡིས་རིགས་མི་འདྲ་བའི་སྒྲོག་འགྲེལ་རུ་ཁག་བརྒྱ་དང་ལྔ་བཙུགས་ནས། སྒྲོག་འགྲེལ་ཐེངས་བརྒྱ་དང་གཅིག་སྤེལ་བ་དེ་མི་ཁྲི་དྲུག་དང་སྟོང་དྲུག་ལ་ཁེབས། ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་བརྗོད་དོན་ཏང་གི་ཉིན་མོ། ཏང་ནང་ཞུགས་སྐབས་ཀྱི་དམ་ཚིག་ཕྱིར་དྲན་བྱེད་པ། ཏང་གི་གྲོན་དངུལ་སྤྲོད་པ། དང་བླངས་པའི་ཞབས་ཞུ་སོགས་ནང་དོན་ལ་དམིགས་ནས། གཅིག་ཁ་གཅིག་གཏད་ཀྱི་རོགས་ཁྲིད་ནས་སིལ་སྒྱུར་ཅན་གྱི་སློབ་སྦྱོང་དང་། འབྲོལ་ཁུལ་དུ་སློབ་ཁྲིད་བྱེད་པ་ནས་དངོས་ལྗོངས་སློབ་ཁྲིད་བྱེད་པ་བརྒྱུད་དེ། རྒན་གསོ་སྨན་བཅོས་དང་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་། གཅིག་བསྡུས་དཔལ་འབྱོར། སྦྲང་ཆར་འཆར་གཞི། ཐོན་ལས་ཁེ་སྤོགས་བགོ་བཤའ། ནོར་ལུག་གསོ་སྤེལ། རྩྭ་ར་སྲུང་སྐྱོབ་སོགས་རོང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གླེང་གཞི་དེ་གྲོས་སྡུར་ཁྲོད་བཞག་པ་དང་། ཆེད་དོན་ཏང་གི་སློབ་ཁྲིད་བྱེད་པའི་བྱ་འགུལ་ཐེངས་དོན་དགུ་སྤེལ་ལ། འཐུས་མི་གཉིས་དང་ཨུ་ཡོན་གཅིག་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཏང་ཡོན་རྒན་པ། ཕྱུག་སྒྱུར་སྣེ་ཁྲིད་མི་སྣ་བཅས་གདན་ཞུ་བྱས་ནས་ཏང་གི་སློབ་ཁྲིད་ཐེངས་བཞི་བཅུ་བྱས་པ་དང་། ཐེངས་དྲུག་ཅུར་དོགས་གནད་སེལ་ལ། འབད་འཐབ་ཀྱི་གཏམ་རྒྱུད་བཤད་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གླེང་བ། བདེ་སྐྱིད་ཀྱི་འཚོ་བ་ངོམ་པ་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་དང་རང་ས་གནས་ཀྱི་ཁྱད་ལྡན་ཉམས་མྱོང་ཕན་ཚུན་ཁ་གསབ་བྱེད་པར་སྐུལ་འདེད་བཏང་།