མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ས་ཆ་སོ་སོས་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ།

  2023-10-16 08:51:51 

བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

ཀོང་ཏུང་གིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ཁྲོད་དུ། གཅིག་གྱུར་བཀོད་སྒྲིག་བྱས་ནས་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ། གཞུང་ལུགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས།

ཅང་སུའུ་ཡིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ཚན་ཆུང་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱས། ཅང་དབྱིན་གྲོང་ཁྱེར་ཧྲན་ཆོན་གྲོང་ཚོས་ཆེད་མཁས་པ་དང་མཁས་པ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་སྤེལ་བ་དང་དམིགས་འབེན་རང་བཞིན་ཡོད་པའི་སྒོ་ནས་དབྱེ་ཞིབ་དང་འགྲེལ་བཤད་བྱས་ཏེ། ཏང་ཡོན་ཡོངས་སུ་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཏེ་གཅིག་ཀྱང་མ་ལུས་པར་ཁེབས་པར་བྱས།

སི་ཁྲོན་གྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་ཁུལ་ཉེར་གཅིག་གིས་ཐུན་མོང་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་སོགས་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

ཅི་ལིན་གྱིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ཁྲོད་དུ། དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་པ། གཅིག་སྡུད་སྒོས་ཞིབ་འཇུག་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱ་རྒྱུའི་ཐད་ནས་རྩ་འཛུགས་གང་ལེགས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེང་ནས་མངོན་གང་ཐུབ་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།